རྒྱལ་སྤྱིའི་གློག་བརྙན་འགྲན་བསྡུར་ནང་བོད་མིའི་གློག་བརྙན།

རྒྱལ་སྤྱིའི་དངོས་བྱུང་གློག་བརྙན་འགྲན་བསྡུར་ནང་བོད་མིའི་སྐོར་དང་འབྲེལ་བའི་གློག་བརྙན་ཞིག་འདེམས་ཐོན་བྱུང་ཡོད་འདུག

2009.12.29

༄༅༎རྒྱལ་སྤྱིའི་དངོས་བྱུང་གློག་བརྙན་འགྲན་བསྡུར་ནང་བོད་མིའི་སྐོར་དང་འབྲེལ་བའི་གློག་བརྙན་ཞིག་འདེམས་ཐོན་བྱུང་ཡོད་འདུག   དེ་ཡང་གློག་བརྙན་བཟོ་མཁན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས་ཀྱིས་བཟོས་གནང་བའི་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་གི་ལོ་རེའི་པམ་སི་པི་རིང་རྒྱལ་སྤྱིའི་གློག་བརྙན་དགའ་སྟོན་ཟེར་བའི་ཨ་རིའི་ཀེ་ལི་ཕོ་ནི་ཡའི་ནང་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ཚེས་ལྔ་ནས་བཅོ་བརྒྱད་བར་སྤེལ་རྒྱུའི་རྒྱལ་སྤྱིའི་གློག་བརྙན་འགྲན་བསྡུར་ནང་འདེམས་ཐོན་བྱུང་ཡོད་པ་རེད་ སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་དངོས་བཤུས་གློག་བརྙན་དེའི་ནང་དོན་གཙོ་བོ་ནི་བོད་མི་ཚོས་རང་དབང་གི་ཆེད་འཐབ་རྩོད་བྱེད་བཞིན་པའི་སྐོར་ཡིན་ཞིང་དེའི་ནང་བོད་མི་ཚོས་རྒྱ་ནག་གི་དབང་འཛིན་འོག་སྡུག་བསྔལ་དང་བཙོན་འཇུག་སོགས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ཞི་བའི་ཐབས་ལམ་ཐོག་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་པའི་སྐོར་གྱི་ནང་དོན་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཡིན་པ་རེད་ གློག་བརྙན་བཟོ་སྐྲུན་གནང་མཁན་གྱིས་ཁོང་ཚོའི་དྲ་རྒྱའི་ཐོག་གློག་བརྙན་དེའི་སྐོར་གནས་ཚུལ་འཁོད་པའི་ནང་གློག་བརྙན་དེའི་ནང་ད་དུང་ན་ནིང་ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བའི་གནས་སྟངས་དང་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚུར་སྣང་ལན་འཆར་པེ་ཅིན་ཨོ་ལིན་ཕིག་གི་སྐོར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྱི་འབྲེལ་ལམ་དང་དེ་མིན་བཙན་བྱོལ་བོད་མི་གཞོན་སྐྱེས་ཚོས་བོད་དོན་ཐོག་རྒྱ་ནག་གཞུང་ལ་འགོག་རྒོལ་གྱི་ཐབས་ལམ་འཛིན་རྒྱུའི་བསམ་བློ་ཇེ་ཆེར་འགྲོ་བཞིན་པ་སོགས་སྐོར་གྱི་ནང་དོན་ཡོད་པའི་སྐོར་འཁོད་ཡོད་འདུག  སྐར་མ་དོན་ཅུ་དོན་དགུ་ཡོད་པའི་གོང་ཞུས་དངོས་བྱུང་གློག་བརྙན་དེ་བཞིན་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཀོ་རི་ཡའི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་དུས་སྟོན་ཐོག་བསྟོན་ཡོད་པའི་ཁར་་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་གསུམ་པའི་ནང་ཚོགས་རྒྱུའི་ལོན་ཀྲོན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ལ་ཡང་བཏོན་འཆར་ཡོད་འདུག དངོས་བཤུས་གློག་བརྙན་དེ་བཟོ་སྐྲུན་གནང་མཁན་བསྟན་འཛིན་བསོད་ནམས་ལགས་དང་རི་ཏུ་ས་རིན་ལགས་རྣམ་གཉིས་ཀྱིས་དེའི་གོང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ནང་གི་ལས་དོན་ཞེས་པའི་དངོས་བྱུང་གློག་བརྙན་དང་དེ་བཞིན་ལྷ་སའི་རྨི་ལམ་ཞེས་པའི་གློག་བརྙན་ཞིག་ཡང་བཟོ་སྐྲུན་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎