རྒྱལ་སྤྱིའི་ཨོ་རྩལ་ཚོགས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་བ།

2016-08-16
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་ཨོ་རྩལ་ཚོགས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་སྐབས། ༢༠༡༦།༨
རྒྱལ་སྤྱིའི་ཨོ་རྩལ་ཚོགས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་སྐབས། ༢༠༡༦།༨
དྲ་བཤུས།

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་དུ་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་བོད་ཀྱི་རྒྱལ་དར་འཕྱར་ཡོད་པ་རེད།
དེ་ཡང་དེང་སང་བྷ་ར་ཛིལ་གྱི་གྲོང་ཁྱེར་རིའོའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ནས་ཉིན་མ་འགའ་ཤས་འགྲོ་གི་ཡོད་པའི་དུས་ཚོད་དེའི་རིང་། རྩེད་འགྲན་ཚོགས་ཡུལ་གྱི་གསར་འགོད་པ་གནས་ཡུལ་དུ་བྷ་ར་ཛིལ་བའི་ཟས་རིགས་ཚོང་པ་སྐུ་ཞབས་Romero མཆོག་གིས་བོད་ཀྱི་རྒྱལ་དར་འཕྱར་ཡོད་འདུག ཁོང་གིས་བོད་ཀྱི་རྒྱལ་དར་འཕྱར་དགོས་དོན་ནི། བོད་མི་སྐྱབས་བཅོལ་བ་ཚོའི་གནད་དོན་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་ཡིན་ཞེས་གསུངས་འདུག
ཁོང་གིས་བོད་མི་ཚོ་འཛམ་གླིང་གི་ཡུལ་གྲུ་གང་སར་སྐྱབས་བཅོལ་དུ་གྱར་ནས་གནས་སྡོད་བྱེད་དགོས་ཆགས་ཡོད་རེད། དེ་འདྲ་སོང་ཙང་ཁོང་ཚོར་རྒྱལ་སྤྱིའི་ཨོ་ལིམ་པིག་ནང་དངོས་སུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་མེད་སྟབས། ཁོང་ཚོའི་རྒྱལ་དར་འདི་བཞིན་བོད་མིའི་སྐུ་ཚབ་ཀྱང་མཚོན་གྱི་ཡོད་རེད། ངོས་རང་དེ་སྔ་ཕྱི་ལོ་༢༠༠༨་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས་སུའང་བོད་དོན་དྲིལ་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གི་བཙོན་ཁང་ནང་ཉིན་གྲངས་བཞི་བཅུ་ཙམ་བཙོན་བཅུག་བྱས་སོང་། ངོས་རང་རང་དབང་འཐབ་རྩོད་བྱེད་རྒྱུར་དགའ་པོ་ཡོད་ལ་དེ་ནི་འོས་ཤིང་འཚམས་པའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་བཙོན་ཁང་ལ་ཚུད་ཀྱང་འགྱོད་པ་རྩ་བ་ནས་མ་བྱུང་། ད་ལྟའང་འདིར་བོད་ཀྱི་རྒྱལ་དར་འཕྱར་བ་དེ་རྒྱ་མིས་མཐོང་སྲིད་པ་རེད། ཡིན་ནའང་འདིར་འཇིགས་སྣང་སྐྱེས་དགོས་གང་ཡང་མི་འདུག་ཞེས་འགྲེལ་བརྗོད་གནང་འདུག གོང་དུ་ཞུས་པའི་སྐུ་ཞབས་རོ་མ་རོ་མཆོག་ནས་འཛམ་གླིང་ནང་རྩེད་འགྲན་གང་དུ་ཚོགས་ཀྱང་ཟས་རིགས་ཀྱི་བཙོང་གནང་གི་ཡོད་འདུག ཁོང་ནི་སྐྱེས་ཡུལ་གྷི་རི་སི་ནས་ཡིན་ནའང་ཆུང་དུས་ནས་བྷ་ར་ཛིལ་ནང་འཚར་ལོངས་བྱུང་བ་ཞིག་དང་རྒྱུན་གཏན་ནས་མང་གཙོ་དང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་གྱི་མི་སྣ་ཞིག་ཡིན་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།