བོད་ཅེས་བའི་མིང་ཚིག་བལ་ཡུལ་ནང་ཁྲིམས་འགལ་རེད་ཟེར།


2014.05.21
བོད་ཅེས་བྲིས་བའི་གྱོན་ཆས་གྱོན་དང་། ང་བོད་ལ་དགའ་ཅེས་བྲིས་བའི་རྒྱབ་ཁུག་ཡོད་མཁན་ཡོད་མི་གཉིས་ལ་ཉེན་རྟོག་པ་འདྲི་རྩད་བྱེད་བཞིན་པ། ༢༠༡༤།༤།༢༥ བོད་ཅེས་བྲིས་བའི་གྱོན་ཆས་གྱོན་དང་། ང་བོད་ལ་དགའ་ཅེས་བྲིས་བའི་རྒྱབ་ཁུག་ཡོད་མཁན་ཡོད་མི་གཉིས་ལ་ཉེན་རྟོག་པ་འདྲི་རྩད་བྱེད་བཞིན་པ། ༢༠༡༤།༤།༢༥
པར། ཨེ་ཤེ་ཡ་རང་དབ་རླུང་འཕྲིན། TJ

བལ་ཡུལ་དུ་བོད་ཅེས་བྲིས་བའི་གྱོན་ཆས་གྱོན་པ་ཙམ་གྱིས་ཉེན་རྟོག་པས་འཛིན་བཟུང་དང་འདྲི་རྩད་བྱེད་བཞིན་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་དངོས་གྲུབ་ཚེ་རིང་ལ་བཅར་འདྲི་བྱས་བའི་གནས་ཚུལ་ལྟར་ན། ཨ་རིའི་Minnesota མངའ་སྡེ་ནས་ཡིན་པ་དངོས་གྲུབ་ཚེ་རིང་དང་། ཁོང་གི་གྲོགས་པོ་Canadaམི་སེར་ཡིན་པ་གཉིས་ཉེ་སྔོན་སྤྱི་ཟླ་༣ཚེས་༡༩ཉིན་བལ་ཡུལ་གྱི་མཆོད་རྟེན་འཕགས་པ་ཤིང་ཀུན་ལ་གནས་མཇལ་དུ་བསྐྱོད་སྐབས་གློ་བུར་ལག་ཏུ་གོ་མཚོན་ཐོགས་པའི་བལ་ཡུལ་གྱི་ཉེན་རྟོག་པ་༡༥ཙམ་གྱིས་ཁོང་གཉིས་བཀག་འགོག་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་མི་སྣས་ཁོང་གི་སྟོད་གོས་སྟེང་བྲིས་པའི་ཡི་གེ་Team Tibet འམ་བོད་ཀྱི་རུ་ཁག་ཅེས་བྲིས་ཡོད་པ་ཀློག་བཅུག་པ་དང་། རྒྱུ་མཚན་གསལ་བཤད་གང་ཡང་མེད་པར་ལམ་སེང་སྟོད་གོས་ཕུད་བཅུག་ནས་ཁོང་གཉིས་ཉེན་རྟོག་ལས་ཁུངས་དུ་ཁྲིད་ནས་ཁོང་གཉིས་ཀྱི་ལག་འཁྱེར་སོགས་ལ་ཞིབ་གཤེར་བྱས་རྗེས། Team Tibet ཞེས་འཁོད་པའི་སྟོད་གོས་དེ་བལ་ཡུལ་ནང་ཉོས་ཡོད་མེད་སོགས་འདྲི་རྩད་བྱས་འདུག སྐབས་དེར་ཁོ་གཉིས་ཀྱིས་ཉེན་རྟོག་པར་བཀག་ཉར་བྱེད་དགོས་དོན་དྲིས་སྐབས། ཉེན་རྟོག་མི་སྣས་Tibetའམ་བོད་ལ་སོགས་པའི་མིང་ཚིག་འདིའི་རིགས་བལ་ཡུལ་ནང་ཁྲིམས་འགལ་ཡིན་པ་མ་ཟད། དེ་དག་བཀག་འགོག་བྱ་རྒྱུར་རྒྱ་ནག་གཞུང་ནས་ཐད་ཀར་བཀོད་ཁྱབ་ཡོད་ལུགས་གསལ་འདོན་བྱས་འདུག དངོས་གྲུབ་ཚེ་རིང་གིས་བརྗོད་དོན། བལ་ཡུལ་གཞུང་གིས་ཕྱིའི་གནོན་ཤུགས་ཙམ་ལ་བརྟེན་ནས་བོད་ཀྱི་མིང་ཙམ་ལ་དེ་ལྟར་དམ་དྲག་བྱེད་བཞིན་པ་ནི་དམངས་གཙོའི་ཡིན་ཟེར་བའི་རྒྱལ་ཁབ་ཀྱི་ངོ་ཚ་ཡིན་པ་ངོ་སྤྲོད་བྱས་བྱུང་།
དེ་ནས་དངོས་གྲུབ་ཚེ་རིང་ཨ་མི་རི་ཀའི་མི་སེར་ཡིན་པར་བརྟེན་བལ་ཡུལ་གྱི་ཨ་རིའི་གཞུང་ཚབ་ལས་ཁུངས་ལ་ཁ་པར་ཐོག་འབྲེལ་བ་གནང་པའི་རྗེས་གཞུང་ཚབ་ལས་ཁུངས་ནས་ཉེན་རྟོག་ལས་ཁུངས་ལ་ཁ་པར་ཐེངས་དགུ་ཙམ་བཏང་ཀྱང་ཉེན་རྟོག་པས་ཡ་ལན་བྱས་མེད་པ་མ་ཟད། ད་དུང་ཁོང་གཉིས་ལ་གཞུང་ཚབ་ལས་ཁུངས་ལ་འབྲེལ་བ་བྱས་ཚེ་ཐག་གཅོད་མནར་འགྱངས་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག་ལ་མཐར་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཞིག་གིས་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ་ཡོད་པའི་མགྲོན་ཁང་ཞིག་གི་སྤྱིན་བདག་བོད་རིགས་ལས་བྱེད་པ་ཞིག་ཁ་པར་བཏང་ནས་ཁོང་གཉིས་ཀྱི་འབྲེལ་སྦྱོར་ཁག་ཐེག་བྱེད་དུ་བཅུག་པའི་རྗེས་ཉིན་དེིའི་ཉིན་རྒྱབ་གློད་གྲོལ་བཏང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

འབྲེལ་ཡོད་གནས་ཚུལ།

2014-04-25

བལ་ཡུལ་དུ་བོད་མི་ཚོས་བོད་ཅེས་བྲིས་བའི་གྱོན་ཆས་གྱོན་པར་ཉེན་རྟོག་པས་དམ་དྲག་དང་འདྲི་རྩད་བྱེད་བཞིན་པ་རེད།
དེ་ཡང་བལ་ཡུལ་ནས་འདི་གར་གནས་ཚུལ་འབྱོན་དོན། བལ་ཡུལ་རྒྱལ་ནང་དུ་གནས་སྡོད་བོད་མི་ཚོའི་ཐོག་བལ་ཡུལ་གཞུང་གིས་ནམ་རྒྱུན་དམ་དྲག་ཡོད་པ་ལྟར། ཚེས༢༥ཉིན་བལ་ཡུལ་གྱིོ་ནང་བའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་སྐོར་ལམ་དུ་སྐོར་བར་འགྲོ་མཁན་བོད་མི་ཞིག་གིས་ཁོང་གི་གྱོན་ཆས་ཐོག་དབྱིན་ཡིག་དང་བོད་ཡིག་གིས་བོད་ཅེས་བྲིས་ཡོད་པ་དང་། བོད་རིགས་བུད་མེད་གཞན་པ་ཞིག་གི་རྒྱལ་ཁུག་སྟེང་ང་བོད་ལ་དགའ་ཞེས་བྲིས་ཡོད་པ་ཉེན་རྟོག་པས་མཐོང་མ་ཐག་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་ལ་བཀག་ནས་འདྲི་རྩད་བྱས་ཡོད་པ་དང་། སྐབས་དེར་སྐོར་ལམ་ལ་ཡོད་པའི་ཚེ་རིང་འཇིགས་མེད་ལགས་ཀྱིས་བརྗོད་དོན། བལ་ཡུལ་གྱི་ཉེན་རྟོག་པ་བདུན་ཙམ་གྱིས་བོད་མི་ཁོ་བཀག་ནས་གང་ནས་ཡིན་པ་དང་། ལས་ཀ་ག་རེ་བྱེད་གི་ཡོད་མེད། ཅིའི་ཕྱིར་བོད་བྲིས་བའི་གྱོན་ཆས་གྱོན་པ་སོགས་འདྲི་རྩད་བྱེད་བཞིན་འདུག དེའི་ཁྲོད་སྐར་མ་ཡོད་པའི་ཉེན་རྟོག་པ་གཉིས་འདུག ཉེ་འཁོར་གྱི་བོད་མི་ཚོ་ཡང་ཞེད་སྣང་གིས་ཐག་རིང་ནས་བལྟ་རྒྱུ་ལས་གང་ཡང་མི་འདུག རྗེས་སུ་བོད་མི་ཁོ་འཇུ་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་མ་སོང་ཅེས་དང་། ཆབ་སྲིད་དང་འབྲེལ་བ་མེད་པའི་བོད་ཀྱི་མིང་ཙམ་ཡང་བལ་ཡུལ་གཞུང་གིས་བཀག་འགོག་བྱེད་བཞིན་པ་ནི་ཧ་ཅང་ཐབས་སྐྱོ་བའི་གནས་རེད་ཅེས་ངོ་སྤྲོད་བྱས་སོང་།
རྒྱ་ནག་གཞུང་གིས་བལ་ཡུལ་གྱི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་རམ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་མཉམ་། བལ་ཡུལ་གཞུང་ལ་རྒྱལ་ནང་གི་བོད་མི་ཚོར་བོད་དོན་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་གང་ཡང་སྤེལ་མི་འཇུག་རྒྱུའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་།  བལ་ཡུལ་གཞུང་གིས་ཀྱང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཉེ་བའི་ཟླ༤བའི་ཚེས༡ཉིན་ HRWཞེས་ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་བལ་ཡུལ་ནང་གི་བོདམི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་སྙན་ཐོ་གསར་བ་ཞིག་བཏོན་ནས། བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་ནང་གི་བོད་མི་ཚོ་གང་བྱུང་དོ་དམ་བཀག་ཉར་དང་། གཅར་རྡུང་། བོད་མི་བྲོས་བྱོལ་བ་བཙན་ཤེད་འཇུ་བཟུང་དང་། རྒྱ་ནག་ལ་རྩིས་སྤྲོད་སོགས་ཀྱི་ཉེན་ཁ་དང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསལ་འདོན་གནང་ཡོད་པ་དང་། བལ་ཡུལ་རྒྱལ་ནང་དུ་བོད་མི་སྐྱབས་བཅོལ་བ་མི་གྲངས་ཁྲི་གཉིས་ལྷག་ཙམ་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎