བོད་རྒྱའི་འབྲེལ་ལམ་གྱི་ནང་མོལ་དངོས་སུ་འགོ་བཙུགས་གནང་ཡོད་པ།

བོད་རྒྱའི་ཞི་མོལ་རེས་གཟའ་ཉི་མའི་ཉིན་དངོས་སུ་འགོ་བཙུགས་གནང་ ཡོད་ལུགས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་ནས་གསུངས་འདུག

2008.05.04

༄༅༎བོད་རྒྱའི་ཞི་མོལ་རེས་གཟའ་ཉི་མའི་སྔ་དྲོ་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧྲེན་ཀྲན་ནང་ དངོས་སུ་འགོ་བཙུགས་གནང་ཡོད་ལུགས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་ རིན་པོ་ཆེས་གསུངས་ཡོད་འདུག གྲོས་མོལ་ད་རིང་སྔ་དྲོ་འགོ་བཙུགས་གནང་ཡོད་རེད་ སྐུ་ཚབ་གཉིས་རེས་གཟའ་ལྷག་པའམ་མིག་དམར་གང་རུང་ལ་རྒྱ་ནག་ལ་ཕྱིར་ལོག་གནང་གི་རེད་ཅེས་ བཀའ་བློན་ཁྲི་པ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ཕཱ་རན་སིའི་གསར་འགོད་པར་གསུངས་ ཡོད་འདུག ཡང་བཀའ་ཁྲི་མཆོག་གིས་གྲོས་མོལ་གྱི་ནང་དོན་རྣམས་སྐུ་ཚབ་རྣམ་པ་གཉིས་ ཕྱིར་ཕེབས་གནང་བའི་རྗེས་སུ་མ་གཏོགས་ཤེས་ཀྱི་མ་རེད་ཅེས་གསུངས་གནང་འདུག བཙན་བྱོལ་བོད་གཞུང་གིས་ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་གཙོ་བོ་ བར་ལམ་བོད་ནང་གདུག་རྩུབ་དྲག་གནོན་དང་དམ་བསྒྲགས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ དེ་ཡིན་པས་ སྐབས་འདིར་དེ་ལས་བྲལ་བའི་དམིགས་ཡུལ་བཅངས་ཀྱི་མེད་ལུགས་མགྲིན་ཚབ་པ་ ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རེས་གཟའ་ཉི་མའི་ཉིན་གསུངས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎