བོད་རྒྱལ་ལོ་༢༡༤༥་ས་ཁྱི་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།


2018.02.16
ལོ་གསར་གྱི་མཆོད་པ། ལོ་གསར་གྱི་མཆོད་པ།
དྲ་བཤུས།

བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་བོད་རྒྱལ་ལོ་༢༡༤༥་ས་ཁྱི་བོད་ཀྱི་ལོ་གསར་རྣམ་པ་འདྲ་མིན་གྱི་ཐོག་ནས་རོལ་བཞིན་པ་རེད།
དེ་ཡང་འདི་ཚེས་༡༦་ཉིན་ནི་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་ཚེ་གཅིག་ཉིན་ཡིན་པ་དང་། བོད་ནང་དང་། བཞུགས་སྒར་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་བོད་ཀྱི་ལོ་གསར་རྣམ་པ་འདྲ་མིན་གྱི་ཐོག་ནས་རོལ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཡོད་ས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་བོད་མི་ཚོས་ཚེ་བསྟོད་དང་སྨོན་ལམ་གསུང་འདོན་གནང་ནས་གཞུང་འབྲེལ་ལོ་གསར་སྲུང་བརྩི་གནང་ཡོད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎