རྒྱ་གར་ནས་བོད་བར་གོམ་བགྲོད་མཚམས་འཇོག་གནང་བ།

འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་འགོ་བཙུགས་པའི་རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ལས་འགུལ་དེ་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་གནང་འདུག
2008-06-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་འགོ་བཙུགས་པའི་རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ལས་འགུལ་དེ་ དེ་རིང་ཕྱི་ཟླ་དྲུག་པའི་ཚེས་ ༢༧ ཉིན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས་གནང་འདུག

རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་པ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ རྒྱ་གར་རྡ་རམ་ས་ལ་ནས་འགོ་བཙུགས་པའི་གོམ་བགྲོད་དེ་བོད་བར་སླེབས་ཐུབ་རྒྱུའི་འབད་བརྩོན་ཡོངས་སུ་རྫོགས་པ་ཞུས་ཡོད་ན་ཡང་ ད་ཐེངས་ཀྱི་འཆར་གཞི་ལྟར་ མི་ཚོགས་མང་ལ་ཆེས་མངོན་གསལ་དོད་པོའི་ལས་འགུལ་གྱི་རྣམ་པའི་ཐོག་ནས་ བོད་ཀྱི་ས་མཚམས་ཉེ་འགྲམ་བར་ལས་ བོད་བར་སླེབས་ཐུབ་རྒྱུ་མིན་པ་ངེས་ཤེས་བརྙེད་པའི་ཐོག་ནས་ཐེངས་འདིའི་གོམ་བགྲོད་ཀྱི་ལས་འགུལ་མཚམས་འཇོག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད་

རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ལས་འགུལ་གོ་སྒྲིག་གནང་མཁན་ནི་ བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ བོད་ཀྱི་བེུད་ལྷན་ཚོགས་ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ སློབ་ཕྲུག་གི་བོད་རང་དབང་ལས་འགུལ་ཚོགས་པ་སོགས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་པོ་དེ་ཡིན་པ་རེད།

རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ཀྱི་ལས་འགུལ་འདི་ མི་དམངས་སྒེར་ལངས་ཆེན་མོའི་ལས་འགུལ་ཞེས་པ་དེའི་ཆ་ཤས་ཤིག་ཡིན་པ་དང་ བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་པོས་མུ་མཐུད་མི་དམངས་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་མིང་གི་ཐོག་ནས་ ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་སྔོན་དང་ ཚུགས་པའི་རྗེས་བོད་དང་འབྲེལ་བའི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།