བོད་སྨར་ཁམས་རྫོང་གི་དགེ་འདུན་པ་གསུམ་འཛིན་བཟུང།

སྨར་ཁམས་རྫོང་གཟུགས་མཐོང་བརྙན་འཕྲིན་ཁང་ནང་འབར་རྫས་བཞག་པའི་ནག་ཉེས་འོག་འོད་ཟེར་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང༌།
2008-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྨར་ཁམས་རྫོང་བརྙན་འཕྲིན་ཁང་གིས་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་གནས་ཚུལ་དེའི་སྐོར་འཁྱོག་བཤད་ཀྱི་གནས་ཚུལ་མང་པོ་ཞིག་བཏོན་གྱི་ཡོད་པའི་རྐྱེན་གྱིས་འོད་ཟེར་དགོན་པའི་དགེ་འདུན་པ་གསུམ་གྱིས་ཕྱི་ཟླ་དགུ་པའི་ཚེས་བརྒྱད་ཉིན་གྱི་མཚན་མོ་སྨར་ཁམས་རྫོང་གཟུགས་མཐོང་བརྙན་འཕྲིན་ཁང་ནང་འབར་རྫས་བཞག་ནས་རྫོང་ཡོངས་ལ་ཉིན་མཚན་བཞིའི་རིང་བརྙན་འཕྲིན་རྩ་བ་ནས་ལྟ་རྒྱུ་མེད་པ་བཟོས་ཡོད་པ་དང་གོང་ཞུས་འབར་རྫས་འཇོག་མཁན་འོད་ཟེར་དགོན་པའི་དགེ་འདུན་པ་ངག་དབང་བསྟན་འཛིན་ལགས་དང་བསྟན་འཛིན་ནོར་བུ་ལགས།བསྟན་འཛིན་རིན་ཆེན་ལགས་གསུམ་པོས་རྒྱ་ནག་གཞུང་གི་འཛིན་བཟུང་ལས་གཡོལ་ཐབས་ཆེད་ས་གནས་གཞན་དུ་བྲོས་བྱོལ་དུ་ཕེབས་ཡོད་ཀྱང་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་རང་ལོ་བཅུ་བདུན་ལ་ཕེབས་པ་བསྟན་འཛིན་རིན་ཆེན་ལགས་སྨར་ཁམས་རྫོང་གི་ཁུངས་གཏོགས་ཡོད་པའི་འབོམ་སྟེང་ཟེར་བའི་ས་གནས་ནས་ཉེན་རྟོག་པས་ཁོང་གི་རྐང་པར་མེ་མདའ་རྒྱབ་ནས་འཛིན་བཟུང་བྱས་ཡོད་པ་རེད། ཡང་ད་རེས་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་གྱི་མཚན་མོ་འོད་ཟེར་དགོན་པའི་དགེ་འདུན་པ་གཞན་གཉིས་པོ་ཡང་འཛིན་བཟུང་བྱས་ཡོད་པའི་སྐོར་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་དང་ལོ་ན་ཉི་ཤུར་ཕེབས་པའི་དགེ་འདུན་ངག་དབང་བསྟན་འཛིན་ལགས་དང་ལོ་བཅུ་དགུར་ཡིན་པ་བསྟན་འཛིན་ནོར་བུ་ལགས་གཉིས་ཡང་རྒྱ་ནག་ཉེན་རྟོག་པས་སྨར་ཁམས་ཁུལ་གྱི་རྒྱོང་ལ་ཁ་ཟེར་བའི་ས་གནས་ནས་འཛིན་བཟུང་བྱས་སྟེ་ཆབ་མདོ་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་དང་ད་ལྟ་སྨར་ཁམས་ཁུལ་ལ་བོད་རང་སྐྱོང་ལྗོངས་ཀྱི་གསང་བའི་མི་སྣ་དང་ཆབ་མདོ་མངའ་ཁུལ་གྱི་ཉེན་རྟོག་པའི་སྤྱི་ཁྱབ་སོགས་ཁུལ་དེར་སླེབས་ནས་འབྲེལ་ཡོད་དོན་རྐྱེན་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་གནས་ཚུལ་མཁྱེན་རྟོག་ཡོད་པའི་མི་སྣ་དེས་འགྲེལ་བརྗོད་གནང་བཞག

མཆན། (0)
Share
དྲ་གནས་ཆ་ཚང༌།