བཀྲིས་ལྷུན་པོའི་དགེ་འདུན་པ་རྣམས་ཀྱི་བོད་ཀྱི་རིག་གཞུང་སྐོར་བསྐྱོད་ལས་འགུལ།

2018-09-05
གློག་འཕྲིན།
མཆན།
Share
པར་བཀོད།
བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགེ་འདུན་པ་ཁག་གཅིག་གིས་དབྱིན་ཡུལ་སོགས་སུ་བོད་ཀྱི་རིག་གཞུང་སྐོར་བསྐྱོད་ལས་འགུལ་གནང་བཞིན་འདུག
བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགེ་འདུན་པ་ཁག་གཅིག་གིས་དབྱིན་ཡུལ་སོགས་སུ་བོད་ཀྱི་རིག་གཞུང་སྐོར་བསྐྱོད་ལས་འགུལ་གནང་བཞིན་འདུག
ཨེ་ཨེཕ་པི།

བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགེ་འདུན་པ་ཞལ་གྲངས་བརྒྱད་ཀྱིས་ཟླ་བ་སྔོན་མའི་ཚེས་༣༡་ཉིན་ནས་བཟུང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་(Baltic)རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུའི་ལོ་གཅིག་རིང་གི་སྐོར་བསྐྱོད་དབུ་འཛུགས་གནང་འདུག
བཀྲིས་ལྷུན་པོའི་དགེ་འདུན་པ་རྣམས་ཀྱིས་བོད་ཀྱི་རིག་གཞུང་སྐོར་བསྐྱོད་ལས་འགུལ་དེ་ནི།  དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་ཁང་གིས་མ་སྐུལ་དང་བླངས་སྒོ་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་འདས་པའི་ལོ་མང་རིང་(Lithunia)དང་། (Latvia) (Estonia)བཅས་(Baltic)རྒྱལ་ཁབ་ཁག་གིས་བོད་མི་མང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཕྱིར་ཡིན་འདུག དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་བཀྲིས་ལྷུན་པོའི་དགེ་འདུན་པ་རྣམས་(Lithunia)འི་རྒྱལ་ས་(Vilnius)ནང་ཆེད་ཕེབས་གནང་སྟེ་ཕྱི་ཟླ་༩་ཚེས་༢་ཉིན་བོད་མིའི་མང་གཙོ་དུས་ཆེན་ཉིན་དང་བསྟུན་ནས་ཁོང་རྣམས་ཀྱིས་(Tibet Square)འམ་བོད་ཐང་ཞེས་པར་ཞི་བདེའི་དཀྱིལ་འཁོར་གསར་བཞེངས་ཆེད་རབ་གནས་གནང་རྗེས་ཉིན་གང་དཀྱིལ་འཁོར་བཞེངས་སྐབས་ས་གནས་ཡུལ་མི་མང་པོ་མཇལ་ཁར་བཅར་བ་དབྱིན་ལེན་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གསུངས་བྱུང་།
དབྱིན་ལན་སྐུ་ཚབ་དོན་གཅོད་ཀྱིས་གོང་ཞུས་ལས་འགུལ་དེ་སྤེལ་དགོས་དོན་ནི་ད་ལོ་བཀའ་ཤག་གིས་བཙན་བྱོལ་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་གི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་གནང་བ་གཞིར་བཟུང་ཡིན་པ་མ་ཟད། ད་ལོ་ནི་གོང་ཞུས་(Baltic)རྒྱལ་ཁབ་དེ་དག་རང་བཙན་ཐོབ་ནས་ལོ་༡༠༠ འཁོར་བའི་དུས་ཆེན་ཡིན་པའི་གནད་འགག་ལ་གཟིགས་ནས་སྤེལ་བ་ཞིག་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།