བལ་ཡུལ་གཞུང་གིས་བོད་མི་བཙན་བྱོལ་བ་ཕྱིར་སློག་བྱེད་རྒྱུ་མིན་པའི་ཁས་ལེན་བྱས་འདུག


2019.03.19
བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཉེན་རྟོག་པས་བཀག་འགོག ༢༠༠༨།༩།༨ བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཉེན་རྟོག་པས་བཀག་འགོག ༢༠༠༨།༩།༨
Lhuboom/RFA

བལ་ཡུལ་གཞུང་གིས་བོད་མི་བཙན་བྱོལ་བའི་ཐོབ་ཐང་སྲུང་སྐྱོབ་དང་ཕྱིར་སློག་བྱེད་རྒྱུ་མིན་པ་ཨ་མི་རི་ཀར་ཁས་ལེན་བྱས་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་བལ་ཡུལ་གྱི་སྲིད་བློན་ ཀེ་པི་ཤཱར་མ་ཨོ་ལཱི་མཆོག་སྲིད་བློན་གྱི་ལས་འཁུར་ཞུས་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ལ་འཚམས་འདྲི་དང་སྦྲགས། བལ་ཡུལ་ནང་ཡོད་པའི་བོད་པ་བཙན་བྱོལ་བ་ཚོ་བོད་དུ་ཕྱིར་སློག་མི་བྱེད་པ་དང་ཁོང་ཚོའི་ཆོས་དང་རིག་གཞུང་ལོངས་སུ་སྤྱོད་པའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་པ་ཟུར་འདོན་གྱིས་གསུངས་པར་བལ་ཡུལ་གཞུང་གིས་ཀྱང་དེ་དོན་ཁས་ལེན་གནང་ཡོད་པ་ ཀཐ་མཱན་ཌུ་ཕོ་ཉའམ་ The Kathmandu Post གསར་ཁང་གིས་གནས་ཚུལ་སྤེལ་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་པརཱ་དིཔ་རྒྱ་ཝ་ལི་དང་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་མཇལ་འཕྲད་གནང་འདུག་ཅིང་། སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་རིའི་ངོས་ནས་བལ་ཡུལ་མཉམ་དུ་དོན་ལྡན་པའི་མཉམ་འབྲེལ་གཅེས་ཉར་གནང་རྒྱུའི་ཐུགས་འདོད་གསལ་བཏོན་གནང་བ་དང་། ཡང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས། ཡུལ་དེའི་ནང་གི་སྐྱབས་བཅོལ་བོད་མི་ཚོའི་ཐོབ་ཐང་མུ་མཐུད་ནས་སྲུང་སྐྱོབ་ཞུ་རྒྱུའི་ཞལ་བཞེས་བསྐྱར་ནན་གནང་བ་སྤྱི་དང་། ལྷག་དོན་དུ་བོད་ནས་བལ་ཡུལ་ནང་བྲོས་བྱོལ་དུ་ཡོང་བའི་བོད་མི་རྣམས་ཕྱིར་སློག་གཏོང་རྒྱུའམ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཚེ་ཁོང་རྣམ་པའི་ཚེ་སྲོག་དང་ཆོས་དད་རང་དབང་། སྐད་ཡིག་བཅས་པར་ཉེན་ཁ་ཚབས་ཆེ་ཡོད་པས་ཁོང་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་མིན་པའི་ཁས་ལེན་ཞུས་པ་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དགའ་བསུ་ཞུས་གནང་འདུག
བལ་ཡུལ་ནང་བོད་མི་བཙན་བྱོལ་བ་ཆིག་ཁྲི་ཆིག་སྟོང་ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་།
ཨ་རིའི་གཞུང་གིས་བལ་ཡུལ་གཞུང་ལ་བཙན་བྱོལ་བོད་མི་རྣམས་ལ་བལ་ཡུལ་ནང་ལས་ཀ་དང་། འགྲུལ་བཞུད་ཆོག་པ་མཐོ་རིམ་ཤེས་ཡོན་དོན་གཉེར་སླད་སྐྱབས་བཅོལ་གྱི་ལག་ཁྱེར་གནང་དགོས་པའི་འབོད་སྐུལ་མུ་མཐུད་ནས་གནང་མུས་ཡིན་འདུག་ཅིང་། ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་པའི་ནང་། བལ་ཡུལ་གཞུང་གིས་བལ་ཡུལ་ནང་གི་བོད་མི་ཚོར་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་ཡུལ་དེའི་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་བའི་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་གསལ་ཡོད་ལ། སྐྱབས་བཅོལ་ལག་འཁྱེར་མ་སྤྲད་པའི་བོད་མིའི་ཁོངས་སུ་ཕྱི་ལོ་ ༡༩༩༥ ལོར་ལོ་ངོ་བཅུ་དྲུག་མ་ཟིན་པའམ་ དེའི་རྗེས་སུ་བལ་ཡུལ་སྐྱེས་པའི་བོད་མི་ཡང་ཚུད་ཀྱི་ཡོད་པ་བརྗོད་འདུག
ད་དུང་སྙན་ཐོ་དེའི་ནང་ཕྱི་ལོ་༢༠༠༨་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མའི་འགྲོ་སྡུག་གི་བྱ་བཞག་ལ་དོ་དམ་ཆེན་པོ་བྱས་རྐྱེན། བོད་ནས་བོད་མི་བྲོས་བྱོལ་དུ་ཡོང་མཁན་གྱི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཞིང་། ཕྱི་ལོ་ ༢༠༡༧ གྱི་ཕྱི་ཟླ་ ༡ ནས་ ༩ བར་བལ་ཡུལ་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སུ་བོད་མི་བྲོས་བྱོལ་བ་ཐོ་འགོད་བྱ་མཁན་ ༥༣ ལས་བྱུང་མེད་པ་གསལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎