བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང༌།

འཛིན་རིམ་བཅིུག་གི་སློབ་ཕྲུག་ཚོར་བཙན་བྱོལ་བོད་མིའི་དམངས་གཙོ་དང༌བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་གོ་སྒྲིག།

2011-12-28
Share

༄༅༎བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཚོར་བཙན་བྱོལ་བོད་མིའི་དམངས་གཙོ་དང༌། བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བཞག
གོང་ཞུས་ཟབ་སྦྱོང་དེའི་ནང་བོད་པའི་སློབ་གྲྭ་ཁག་༡༧ནས་སློབ་ཕྲུག་བསྡོམས་༧༣དང་སློབ་དགེ་གང་ཙམ་ཞིག་མཉམ་ཞུགས་གནང་ཡོད་ཅིང༌། ཕྱི་ཚེས་༢༧ཉིན་ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་འདུག དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད། དེ་བཞིན་སྤྱི་འཐུས་ཨ་ཅྰརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་ཚན་པ་ཁག་སོ་སོའི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་འདུག། དེ་ནས་ཕྱི་ཚེས་༢༧ཉིན་བོད་མིའི་
སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འབྲེལ་ཡོད་དབུ་འཛིན་ཁག་ཅིག་དང་ཤེས་རིག་ལས་ཁུངས་ཀྱི་ལ་བྱེད་པ་ཁག་ཅིག་བཅས་ཀྱིས་དམངས་གཙོའི་ཀ་བ་གསུམ་གྱིས་སྤྱི་ཚོགས་ལ་ཕན་ཐོག་ཇི་ཡོད་དང༌། དམངས་གཙོའི་ནང་རང་དབང་ཅན་གྱི་སྡེ་ཚན་དགོས་གལ་དང་ཕན་རླབས། སློབ་ཕྲུག་ཚོར་མ་འོངས་མདུན་ལམ་འཚོལ་ཕྱོགས་དང་མ་འོངས་པར་སོ་སོའི་དམིགས་ཡུལ་དང་མཚམས་པའི་བོད་མིའི་སྤྱི་ཚོགས་དང་འགན་འཁུར་ལེན་ཕྱོགས་སོགས་ཀྱི་སྐོར་གསུངས་བཤད་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།