བོད་མིའི་ཚབ་ཞུས་ནས་དབྱིན་ཇིའི་སྲིད་བློན་ལ་འཚམས་འདྲི།


2016.07.20
ལྕམ་Theresa May་དབྱིན་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་རྗེས་གཏམ་བཤད་གནང་སྐབས། ༢༠༡༦།༧།༡༣ ལྕམ་Theresa May་དབྱིན་ཡུལ་གྱི་སྲིད་བློན་གསར་པར་བསྐོ་བཞག་རྗེས་གཏམ་བཤད་གནང་སྐབས། ༢༠༡༦།༧།༡༣
Theresa May/fb

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྕམ་Theresa May་དབྱིན་ཡུལ་དང་བྱང་ཨ་ཡེ་ལེན་གྲའི་སྲིད་བློན་གསར་པར་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག  
དེ་ཡང་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ལྕམ་Theresa་May་མཆོག་གིས་དབྱིན་ཇིའི་སྲིད་བློན་གྱི་ཐུགས་འགན་བཞེས་གནང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་ཡི་ཡོད་ཅེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅ་རི་ཡ་ཡེ་ཤེས་ཕུན་ཚོགས་མཆོག་གི་མཚན་ཐོག་ནས་ཕྱག་ཡིག་ཅིག་ཕུལ་ཡོད་ཅིང་། འཚམས་འཕྲིན་དེའི་ནང་ད་དུང་ཁྱེད་ཀྱི་དབུ་ཁྲིད་འོག་འོད་སྣང་ལྡན་པའི་མ་འོངས་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་ལ་ཁྱེད་ཀྱིས་འབད་བརྩོན་གང་གནང་ཡང་དེ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་བཀོད་གནང་འདུག
ད་དུང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་དབྱིན་ཡུལ་གྱིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྲིད་བློན་ཟུར་པ་David Cameroon་མཆོག་གིས་ཕྱི་ལོ་༢༠༡༢་ལོར་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བར་ཡི་རངས་བསྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད་པ་དང་། དབྱིན་ཡུལ་ནི་དེང་དུས་བོད་ཀྱི་གནད་དོན་ཐོག་འབྲེལ་བ་གནང་མཁན་རྒྱལ་ཁབ་འགའ་ཤས་ཡོད་པའི་ནང་ནས་གཅིག་ཡིན་པ་མ་ཟད། རྒྱ་མི་དམར་པོས་བོད་ནང་དྲག་པོའི་བཙན་འཛུལ་བྱས་པ་དངོས་སུ་གཟིགས་མཁན་དཔང་པོའི་རྒྱལ་ཁབ་གལ་ཆེ་ཞིག་ཡིན་སྟབས་དབྱིན་ཇིས་བོད་དོན་རྒྱབ་སྐྱོར་གནང་བ་དེ་ནི་དམིགས་བསལ་གྱི་གལ་གནད་ཆེན་པོར་རྩིས་ཀྱི་ཡོད་སྐོར་དང་། དེང་སྐབས་བོད་མིས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་གནད་དོན་གཏན་དུ་སེལ་ཐབས་ཆེད་འབད་བརྩོན་གནང་བཞིན་པ་དེར་དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱབ་སྐྱོར་གནང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག
ལྕམ་Theresa May་མཆོག་འདི་ཟླའི་ཚེས་༡༣་ཉིན་དབྱིན་ཇིའི་རྒྱལ་མོ་Elizabeth་མཆོག་ནས་Buckingham་ཕོ་བྲང་ནང་སྲིད་བློན་དུ་བསྐོ་བཞག་གནང་ཡོད་པ་དང་། ཁོང་ནི་དབྱིན་ཇིའི་སྲིད་བློན་ཟུར་པ་ཚེ་འདས་ལྕམ་Margaret Thatcher་རྗེས་སུ་དབྱིན་ཇིའི་སྲིད་བློན་གནང་མཁན་བེུད་གཉིས་པ་དེ་ཡིན་པ་རེད༎།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎