སྤྱི་འཐུས་ལྷན་ཚོཊ་ནས་འཛམ་གླིང་དབུ་ཁྲིད་ཚོར་འབོད་སྐུལ།

བོད་ནང་དངོས་ཡོད་གནས་སྟངས་ཞིབ་འཇུག་རྟོག་ཞིབ་ཆེད་རང་དབང་ཅན་གྱི་ཞིབ་འཇུག་པ་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་ཐབས།

2011.11.05

༄༅༎བཞུགས་སྒར་རྡ་རམ་ས་ལ་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་དམ་བསྒྲགས་ཀྱི་སྲིད་བྱུས་ལ་མུ་འཐུད་ངོ་རྒོལ་གནང་སྟེ་སྐུ་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་གཅིག་རྗེས་གཉིས་འཐུད་ཀྱི་སྤེལ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། བོད་ནང་དངོས་ཡོད་གནས་སྟངས་ཞིབ་འཇུག་རྟོག་ཞིབ་ཆེད་རང་དབང་ཅན་གྱི་ཞིབ་འཇུག་པ་འགྲོ་བསྐྱོད་ཆོག་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲོད་ཐབས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། དེ་བཞིན་ཞི་བདེ་ལ་དགའ་བའི་ཡུལ་གྲུ་ཁག་གི་གཞུང་གི་གྲོས་ཚོགས་ཁག་གི་ནང་གྲོས་ཆོད་འཇོག་གནང་ཡོང་བའི་འབོད་བསྐུལ་གྱི་གསལ་བསྒྲགས་ཤིག་གནང་འདུག།
དེ་བཞིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་ལམ་ལྷོངས་མེད་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཆེན་པོ་གནང་པ་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བོད་མི་ཚོས། རང་ལུས་མེར་བསྲེགས་བཏང་དགོས་པ་ཆགས་པའི་མི་བཟོད་པའི་དཀའ་ངལ་ངོ་མ་སེལ་ཐབས་དང་། བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་འགན་སྲུང་བྱེད་པའི་རང་དབང་གི་ཐོབ་ཐང་ཁག་ངེས་པར་སྤྲོད་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག།
བོད་མིའི་སྒྲིག་འཛུག་གི་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་གཉིས་ཀའི་ཐོག་ནས་བོད་ནང་དངོས་དོན་བདེན་འཚོལ་གྱི་རྟོག་ཞིབ་པ་དང་། རང་དབང་ཅན་གྱི་གསར་འགོད་པ་འགྲོ་བསྐྱོད་ཆོག་རྒྱུར་ཞུ་ཏུག་ནན་པོ་གནང་བཞིན་ཡོད་ལ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་སྒེར་གྱི་བོད་དོན་ཐད་ཤ་ཚ་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་ཡོང་ལ་བོད་མིའི་མངོན་འདོད་ཇི་ཡིན་འཛམ་གླིང་མི་དམངས་ཀྱིས་ཤེས་རྟོག་དང་དོ་སྣང་ཡོང་རྒྱུར་མུ་འཐུད་ལས་འགུལ་སྤེལ་དགོས་པའི་སྐུལ་མ་ཡང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འོས་འདེམས་བརྒྱུད་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎