ས་གནས་གྲོས་ཚོགས་འཐུས་མིར་ཟབ་སྦྱོང་གནང་བ།


2017.05.07
ས་གནས་གྲོས་ཚོགས་འཐུས་མིར་ཟབ་སྦྱོང་གནང་བ། ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ཟབ་སྦྱོང་ཐེངས་དང་པོ་གནང་བ།
བོད་མིའི་སྒྲིག་འཛུགས།

༄༅༎བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དང་པོ་ཕྱི་ཟླ་༥ཚེས་༦ནས་འགོ་འཛུགས་གནང་སྟེ་ཚེས་༡༠བར་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་གནང་བཞིན་པའི་གནས་ཚུལ་འདུག ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཤི་ལོང་ས་གནས་བདེ་དོན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཟབ་ཁྲིད་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་མཆོག་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱི་གཙོས་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ལ་ཕེབས་བསུའི་མཚམས་འདྲི་ཞུས་གནང་བཞག
སྤྱི་འཐུས་ལྷན་ཁང་གིས་གོ་སྒྲིག་གནང་བའི་ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཞིབ་གསལ་གནས་སྟངས་ངོ་སྤྲོད་ཞུ་རྒྱུ་དང་། སྔོན་རྩིས་འཆར་འབུལ་ཞུ་ཕྱོགས་དང་སྟངས་འཛིན་གནང་ཕྱོགས་།གྲོས་ཚོགས་ཚོགས་སྟངས་སོགས་ཀྱི་གོ་རྟོགས་སྤེལ་རྒྱུ་ཡིན་འདུག
དེ་བཞིན་ཉིན་ལྔའི་ལྷན་ཚོགས་ཐོག་གསུངས་བཤད་གནང་མཁན་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་།སྤྱི་འཐུས་དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་དབུ་བཞུགས་ཐོག་གྲོས་ཚོགས་དངོས་སུ་ཚུགས་པ་བཞིན་དྲི་བ་དྲིས་ལན་ཡང་གནང་རྒྱུ་ཡིན་འདུག  ཐེངས་འདིའི་ཟབ་སྦྱོང་ཐོག་མེ་འོ་དང་ ཏི་ཛུ། ཀྲུ་ཀྲིང་། ཤི་ལོང་།འབུམ་སྡེ་ལ་བཅས་ཀྱི་ས་གནས་འཐུས་ཚོགས་དང་།ས་གནས་འགོ་འཛིན་བཅས་ཁྱོན་མི་གྲངས་༤༩ཙམ་ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎