ཆབ་སྲིད་བཙོན་པ་ཡོན་ཏན་ལགས་གློད་བཀྲོལ་བཏང་ཡོད་པ།

2014-05-24
གློག་འཕྲིན།
མཆན།
Share
པར་བཀོད།
  
མདོ་སྨད་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་མི་ལོ་དྲུག་གི་རྗེས་གློད་བཀྲོལ་བཏང་སྟེ་སོ་སོའི་ལུང་པར་འབྱོར་སྐབས་ས་གནས་ཡུལ་མི་ཚོས་དགའ་བསུ་བྱེད་བཞིན་པ།
མདོ་སྨད་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་མི་ལོ་དྲུག་གི་རྗེས་གློད་བཀྲོལ་བཏང་སྟེ་སོ་སོའི་ལུང་པར་འབྱོར་སྐབས་ས་གནས་ཡུལ་མི་ཚོས་དགའ་བསུ་བྱེད་བཞིན་པ།
བོད་ནས་འབྱོར་བ།

༄༅༎མདོ་སྨད་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་མི་ལོ་དྲུག་གི་རྗེས་་གློད་བཀྲོལ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན།  ཡོན་ཏན་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་ཆོལ་གསུམ་བོད་ཀྱི་ས་ཁུལ་སྤྱི་ཡོངས་ལ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མདོ་སྨད་རྔ་བ་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་ཅིང་།  ཁོང་ལ་ས་གནས་རྒྱ་མིའི་འབྲེལ་ཡོད་ཚན་པས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་མཁན་གཙོ་གྲས་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་གིས་ལོ༩་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བཏང་ཡོད་པ་རེད།  འོན་ཀྱང་ཁོང་གི་དུས་བཀག་བཙོན་བཅུག་གི་དུས་ཚོད་མ་རྫོགས་གོང་ཕྱི་ཟླ་ལྔ་པའི་ཚེས་ ༢༢ ཉིན་གློད་གྲོལ་ཐོབ་སྟེ་ཁོ་རང་གི་ལུང་པར་འབྱོར་འདུག་པ་དང་། ས་གནས་ཡུལ་མི་ཚོས་ཁོང་ལ་ཁ་བཏགས་འཐེན་པ་སོགས་བྱས་ནས་དགའ་བསུ་ཆེན་པོ་བྱས་འདུག།  གནས་ཚུལ་མཁོ་སྤྲོད་པ་དེས་ཡོན་ཏན་ལགས་བཙོན་དུས་མ་ཚང་བའི་་ལོ་གཉིས་ཀྱི་སྔོན་གློད་གྲོལ་བཏང་པའི་རྒྱུ་རྐྱེན་ཇི་ཡིན་གསལ་པོར་ཤེས་རྟོགས་མེད་པ་བརྗོད་འདུག།
ཡོན་ཏན་ལགས་ནི་བོད་མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་ནས་ཡིན་པ་རེད།
སྤྱི་ལོ༢༠༠༨ལོའི་ཟླ་༣ཚེས་༡༦ཉིན་རྒྱ་གཞུང་གི་དྲག་པོའི་དམག་དཔུང་གིས་མདོ་སྨད་རྔ་བ་རྫོང་གི་ས་གནས་བོད་མིའི་ཞི་བའི་ལས་འགུལ་བ་ཚོའི་ཐོག་དམ་དྲག་དྲག་གནོན་བྱས་ཤིང། ཉུང་མཐར་མི་གྲངས་༢༠ལྷག་རྐྱེན་འདས་སུ་སོང་བའི་གནས་ཚུལ་བྱུང་ཡོད་པར་མ་ཟད། ད་བར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་སྐུ་སྲོག་དོར་མཁན་མང་ཤོས་ཀྱང་རྔ་བའི་ས་ཁུལ་ནས་བྱུང་ཡོད་པ་རེད།།

 

 

 

 

 

མདོ་སྨད་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་མི་ལོ་དྲུག་གི་རྗེས་གློད་བཀྲོལ་བཏང་སྟེ་སོ་སོའི་ལུང་པར་འབྱོར་སྐབས་ས་གནས་ཡུལ་མི་ཚོས་དགའ་བསུ་བྱེད་བཞིན་པ།

 

 

 

 

 

མདོ་སྨད་རྔ་བའི་ཆབ་སྲིད་བཙོན་པ་ཡོན་ཏན་ལགས་མི་ལོ་དྲུག་གི་རྗེས་གློད་བཀྲོལ་བཏང་སྟེ་སོ་སོའི་ལུང་པར་འབྱོར་སྐབས་ས་གནས་ཡུལ་མི་ཚོས་དགའ་བསུ་བྱེད་བཞིན་པ།

 

གསར་འགོད་པ་ཀླུ་འབུམ་བཀྲིས་དང་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།