བོད་ཕྱི་ནང་གཉིས་ནས་བདུད་བྷེ་དམ་པའི་མི་ཚེ་ལ་དྲན་གསོ།


2016.05.11
བོད་ཀྱི་རྡུང་ལེན་མཁན་གྲགས་ཅན་བདུད་བྷེ་ལགས། བོད་ཀྱི་རྡུང་ལེན་མཁན་གྲགས་ཅན་བདུད་བྷེ་ལགས།
པར་ཚགས།

བོད་ཕྱི་ནང་གཉིས་ནས་བདུད་བྷེ་དམ་པའི་མི་ཚེ་ལ་དྲན་གསོ་བྱས་བ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག།
དེ་ཡང་ཉེ་སྔོན་འདས་གྲོངས་སུ་གྱུར་བའི་བོད་ནང་གི་གཞས་པ་དང་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ལགས་ཀྱིས། གླུ་གཞས་མང་པོ་བཏང་བའི་ནང་ནས་རྒྱང་རིང་གི་ཨ་ཇོ་ཞེས་པའི་གཞས་དེ་ནི་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུས་པའི་གཞས་ཞིག་ཡིན་པ་དང་། ཁོང་གིས་བཏང་བའི་གཞས་དེར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཧ་ཅང་དགའ་མོས་ཆེན་པོ་བྱེད་བཞིན་པའི་ཐོག་ཁོང་གི་མི་ཚེ་ལ་དྲན་གསོ་ཞུ་གི་ཡོད་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག།
བདུད་བྷེ་ལགས་འདས་གྲོངས་སུ་གྱུར་པ་དེའི་ཐོག་ནས་ཤེས་དགོས་པ་ཞིག་ལ། བོད་མི་ན་གཞོན་དང་རྒན་པ་ཚོས་རང་གི་རིག་གཞུང་གཅེས་འཛིན་བྱ་རྒྱུར་སེམས་ཐག་གཙང་བཅད་བྱེད་བཞིན་པ་གསལ་པོར་མཚོན་ཡོད་པ་རེད། བདུད་བྷེ་ལགས་སྐུ་གཤེགས་རྗེས། བོད་ཀྱི་བླ་སྤྲུལ་དང་། དགེ་འདུན་པ། རིག་གཞུང་ཆེད་མཁས་པ། རྩོམ་པ་པོ། སྙན་ངག་པ། གཞས་པ་གཞས་མ། ཚོང་པ། ལས་བྱེད་པ། ཞིང་འབྲོག་ཡུལ་མི། སློབ་མ་སོགས་ལས་རིགས་མི་གཅིག་པའི་བོད་མི་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱི་ངང་ནས་ཁོང་ལ་རྗེས་དྲན་གྱི་ཞུ་བ་མ་ཟད། ས་ཕྱོགས་སོ་སོ་ནས་རྗེས་དྲན་དགོང་ཚོགས་དང་། སྨོན་ལམ་གསོལ་འདེབས་སོགས་གནང་ཡོད་པ་རེད།
གཞས་པ་གྲགས་ཅན་བདུད་བྷེ་ལགས་སྙུང་གཞིའི་རྐྱེན་པས་སྨན་ཁང་ནང་བཞུགས་སྐབས་བོད་མི་མང་པོས་སྨན་བཅོས་ཆེད་དངུལ་སོགས་མང་པོ་ཞལ་འདེབས་ཕུལ་ཡོད་ཀྱང་། དྲག་བསྐྱེད་མ་བྱུང་བར་མཐར་ཕྱི་ཟླ་༢ཚེས་༢༧་ཉིན་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧྭ་ཤིས(华西)སྨན་ཁང་ནས་གནས་སྟངས་ཛ་དྲག་བྱུང་བ་དང་། སྨན་པས་དྲག་བསྐྱེད་མི་ཡོང་བའི་བརྡ་སྦྱོར་ཁོང་གི་ནང་མི་དང་ནད་གཡོག་ཚོར་སྤྲད་རྗེས། ནང་མི་དང་གནད་གཡོག་ཚོས་ཁོང་གི་རེ་འདུན་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་བསྐྱེལ་ཆེད་ལམ་དུ་ཆས་སྐབས་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐབས་དེར་ཁོང་ལ་དགུང་ལོ་༦༠་ཙམ་ཡིན་འདུག།   

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎