བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་མཆོང་རྒྱུགས་སྐད་འབོད།

2019-03-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་མཆོང་རྒྱུགས་སྐད་འབོད། ༢༠༡༩།༣།༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་མཆོང་རྒྱུགས་སྐད་འབོད། ༢༠༡༩།༣།༡༢
AP

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་སྟོང་ཕྲག་བརྒལ་བས་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་མཆོང་རྒྱུགས་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་ལས་འགུལ་བ་མི་གྲངས་༡༥༠་ལྷག་འཛིན་བཟུང་དང་རྗེས་སུ་གློད་བཀྲོལ་བཏང་འདུག
ཕྱི་ཟླ་ ༣་ཚེས་༡༢་ཉིན་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་རིགས་ལས་འགུལ་བ་མི་གྲངས་༡༠༠༠་ལྷག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་་བྱེད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་རྔམ་སྟོན་ཁྲོམ་སྐོར་དང་། མཆོང་རྒྱུགས་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་གིས་ལོ་ངོ་༦༠་རིང་དུ་བོད་བཙན་བཟུང་བྱས་པའི་དབང་སྒྱུར་ལ་ངོ་རྒོལ་དང་། རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་འོག་ཏུ་ད་ལྟ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། བོད་རང་བཙན་གཙང་མ་ཡིན་པ་དང་། ༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདག་དབང་བོད་མི་ལ་རྩིས་སྤྲོད་དགོས། རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་པ་ལ་སོགས་པའི་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་སྐབས་རྒྱ་གར་གྱི་ལྡི་ལིའི་ཉེན་རྟོག་པ་དང་དམག་མི་སྐོར་སྲུང་བ་བརྒྱ་ཕྲག་ལྷག་གིས་བོད་རིགས་ལས་འགུལ་བ་རྣམས་བཀག་འགོག་བྱས་བ་དང་། རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་མཆོང་རྒྱུགས་སྐད་འབོད་བྱེད་མཁན་ལས་འགུལ་བ་༡༥༠་ལྷག་འཛིན་བཟུང་དང་བཙན་ཁྲིད་བྱས་ཏེ་ལྡི་ལིའི་ཅ་ནྱ་ཀི་ཡ་པུ་རིའི་མ་ཧིན་རྡརཱ་ན་གར་ཉེན་རྟོག་ལས་ཁུངས་སུ་ཉིན་གང་བཀག་ཉར་བྱས་རྗེས་དགོང་དྲོར་གློད་གྲོལ་བཏང་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་འབྲེལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་ཀྱིས། དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ་སྲུང་བརྩིའི་ཉིན་གསུམ་པར་རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་དུ་རུ་ཁག་གཉིས་སུ་ཆ་བགོས་ཀྱིས་ཁྱོན་བསྡོམས་ལས་འགུལ་ལ་མཉམ་ཞུགས་གནང་མཁན་མི་གྲངས་༡༢༠༠་ལྷག་བྱུང་ཡོད་ཅེས་དང་། ང་ཚོས་༡༩༥༩་ལོའི་གསུམ་བཅུའི་དུས་དྲན་སྐབས་ཀྱི་འབོད་སྒྲ་གཙོ་བོར་བཟུང་ནས་ལས་འགུལ་སྤེལ་བ་ཡིན་ཞེས་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།