རྒྱ་གར་ནང་གི་བོད་པའི་སློབ་ཕྲུག་གི་ཡིག་རྒྱུགས་ཡག་པོ་བྱུང་བ།

2014-05-23
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་ཕྲུག་ཁྱིམ་སྡེའི་བུ་མོ་སློབ་ཕྲུག་ཚོར་བུད་མེད་ཚོགས་པས་ཟབ་སྦྱོང་སྤྲོད་བཞིན་པའི་སྐབས་ཀྱི་པར། ༢༠༡༠།
སློབ་ཕྲུག་ཁྱིམ་སྡེའི་བུ་མོ་སློབ་ཕྲུག་ཚོར་བུད་མེད་ཚོགས་པས་ཟབ་སྦྱོང་སྤྲོད་བཞིན་པའི་སྐབས་ཀྱི་པར། ༢༠༡༠།
TWA

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུཊ་སྐབས་བོད་པའི་སློབ་ཕྲུག་བརྒྱ་ཆ་༩༩་ཡིས་ཡིག་རྒྱུཊ་འཕྲོད་པའི་གྲུབ་འབྲས་ཡག་པོ་བྱུང་འདུག  
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་བཞིན་འདི་ཟླའི་ཚེས་༢༠་ཉིན་གསལ་བསྒྲགས་གནང་ཡོད་པ་དང་། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༢༧་མཉམ་ཞུགས་གནང་ཡོད་ཀྱང་སུ་ཇ་བོད་ཁྱིམ་གྱི་ཡིག་རྒྱུགས་གྲུབ་འབྲས་ལ་དཀའ་ངལ་ཞིག་འཕྲད་དེ་ད་ཆ་ཡིག་རྒྱུགས་ཐོན་མེད་པ་རེད། དེར་བརྟེན་སློབ་གྲྭ་ཁག་༢༦་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་༡༦༡༤་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༦༠༦་གིས་ཡིག་རྒྱུགས་དངོས་སུ་བཏང་བའི་ནང་ནས་སློབ་ཕྲུག་གྲངས་༡༥༦༦་གིས་ཡིག་རྒྱུགས་འཕྲོད་དེ་བརྒྱ་ཆ་༩༩་དང་གྲངས་ཆུང་༣༨་ལོན་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་སྤྲོད་བརྒྱ་ཆ་དེ་༩༨་དང་གྲངས་ཆུང་༨༧་ལོན་ཡོད་པ་རེད། ཡིག་རྒྱུགས་བསྐྱར་གཏོང་དགོས་པའི་སློབ་མ་གྲངས་༡༠་ཡོད་པ་དང་། འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བཞིན་སྔ་ལོ་ལྟར་བུ་ལས་བོུའི་བརྒྱ་ཆ་ཅུང་ཙམ་མཐོ་བ་ལོན་འདུག ཡང་འདི་ལོ་བོད་སློབ་ཁག་༢༦་ཁོངས་ནས་སློབ་གྲ་༡༩་རྒྱུགས་འཕྲོད་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་འདུག་ལ་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ནི་སྔ་ལོའི་ཡིག་རྒྱུགས་འཕྲོད་ཚད་ལས་བརྒྱ་ཆ་༠་༤༥དམའ་བ་ཆགས་འདུག སྤྱི་ལོ༢༠༡༠་ལོ་ནས་བཟུང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་དེ་ཨང་ཐོབ་ཀྱི་ཚབ་ལ་Grading System་ཞེས་སྡེ་ཚན་གྲལ་རིམ་ལམ་ལུགས་གསར་གཏོད་གནང་ཡོད་ཅིང་། འཛིན་རིམ་བཅུ་པའི་ཡིག་རྒྱུགས་སློབ་གྲ་རང་ཁོངས་སམ་དབུས་ཡིག་རྒྱུགས་ལྷན་ཁང་ནས་གཏོང་རྒྱུའི་གདམ་ག་ཡོད་ཀྱང་རྒྱུགས་འཕྲོད་ཨང་ཐོབ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོཊ་ལ་ཕུལ་ཏེ་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲཊ་དང་ལག་འཁྱེར་སྤྱི་མཚུངས་གནང་གི་ཡོད་པ་རེད།

གསར་འགོད་པ་བསོད་ནམ་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།