བོད་ཀྱི་ཆོས་རྒྱུད་ཁག་གི་གྲུབ་མཐའི་འཛིན་མཚམས་དང་ཐ་སྙད་བེད་སྤྱོད་བྱེད་སྟངས་ཕྲན་བུ་མི་འདྲ་བ་ཙམ་ལས་དོན་དུ་བབས་ས་གཅིག་ཡིན་པ།

2022.06.19
Share on WhatsApp
Share on WhatsApp
བོད་ཀྱི་ཆོས་རྒྱུད་ཁག་གི་གྲུབ་མཐའི་འཛིན་མཚམས་དང་ཐ་སྙད་བེད་སྤྱོད་བྱེད་སྟངས་ཕྲན་བུ་མི་འདྲ་བ་ཙམ་ལས་དོན་དུ་བབས་ས་གཅིག་ཡིན་པ། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་ཁང་དུ། ༢༠༢༢།༠༦།༡༩
Photo/RFA
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་བཤད་སྒྲུབ་བསྟན་པ་གོང་འཕེལ་ལྷན་ཚོགས་ཀྱི་གྲོས་ཆོད་བཞག་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིས་མེད་ཆོས་རྒྱུད་ཁག་གི་མཁན་པོ་དགེ་བཤེས་དང་སློབ་དཔོན་སོགས་ལྷན་བཞུགས་ཀྱིས་འདུལ་བ་ཕུད་པའིགཞུང་ཆེན་ཀ་པོད་ལྔའི་ཐོག་བགྲོ་གླེང་གོ་སྒྲིག་ཞུས་བཞིན་ཡོད་པ་ལྟར་ཟླ་བ་འདིའི་ཕྱི་ཚེས་༡༦ནས་༡༩ཉིན་བཞིའི་རིང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་བོད་ཀྱི་ཆོས་རྒྱུད་ཁག་གི་གདན་ས་གྲྭ་ཚང་ཁག་༣༡ནས་དགེ་བཙུན་ཞལ་གྲངས་༦༡མཉམ་བཞུགས་གནང་བའི་ཁྲོད་དགེ་བཙུན་ཞལ་གྲངས་༡༧གྱིས་བགྲོ་གླེང་གི་བརྗོད་གཞི་ཤེར་ཕྱིན་མངོན་རྟོགས་རྒྱན་དང་བོན་གཞུང་མངོན་རྟོགས་ལམ་གྱི་རིམ་པའི་སྐོར་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་མ་ཟད་བརྗོད་གཞི་དང་འབྲེལ་བའི་བགྲོ་གླེང་གནང་སྟེ་འདི་ཚེས་༡༩ཉིན་ལྷན་ཚོགས་མཇུག་སྒྲིལ་གནང་ཡོད་པ་རེད།
སྐབས་དེར་ཚོགས་བཞུགས་པ་རྣམ་གྲོལ་གླིང་དགོན་པའི་བཤད་གྲྭའི་ཚོགས་གཙོ་མཁན་པོ་ངག་དབང་བསམ་གཏན་ལགས་ཀྱིས། ད་ལན་གྱི་བགྲོ་གླེང་འདིའི་སྐབས་བོད་ཀྱི་ཆོས་རྒྱུད་ཁག་གི་གྲུབ་མཐའི་འཛིན་མཚམས་དང་ཐ་སྙད་བེད་སྤྱོད་གནང་སྟངས་ཕྲན་བུ་མི་འདྲ་བ་ཙམ་ལས་དོན་དུ་བབས་ས་གཅིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་། 
དེ་མཚུངས་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་དགོན་པ་ནས་དགེ་བཤེས་བསམ་པ་རྒྱལ་མཚན་ཀྱིས། བོན་གཞུང་ནང་མེད་པའི་ད་ལན་གྱི་བགྲོ་གླེང་འདིའི་ནང་མི་མཐུན་པ་ཁག་གཅིག་ཐོག་གོ་རྟོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཆོས་ལུགས་རིས་མེད་ཀྱི་གཞུང་ལ་དོ་སྣང་གི་སློབ་གཉེར་ཡར་རྒྱས་ཡོང་རྒྱུ་དང་ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུ་དང་དེ་བཞིན་དགོན་པ་ཁག་གི་ངོ་སྤྲོད་ཡོང་རྒྱུ་དང་ཤེས་ཡོན་བརྗེ་ལེན་གྱི་གོ་སྐབས་བསྐྲུན་རྒྱུར་དམིགས་ཏེ་བགྲོ་གླེང་དེ་བཞིན་གོ་སྒྲིག་ཞུས་བཞིན་ཡོད་དུས་ད་ལན་གྱི་བགྲོ་གླིང་འདི་གང་སྤྱིར་ཚགས་ཚུད་བྱུང་བ་མ་ཟད་ད་བར་འདས་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་རྣམས་ཚོགས་བཞུགས་པ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་ཆོས་རིག་ལས་ཁུངས་ཀྱི་བགྲོ་གླེང་འདི་འགན་འཁུར་བཞེས་མཁན་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ད་ལན་གྱི་བགྲོ་གླིང་འདི་གོ་སྒྲིག་ཞུ་རྒྱུར་རྣམ་གླིང་དགོན་པའི་འཛིན་སྐྱོང་གི་ཐོག་ནས་གང་སྤྱིར་འཕྱར་གྲུ་མཉམ་འདེགས་གནང་བ་མ་ཟད་དགོན་པའི་དགེ་བཙུན་ཞལ་གྲངས་༢༥༠ཡས་མས་ཤིག་བགྲོ་གླེང་འདིའི་ནང་ཚོགས་བཞུགས་གནང་འདུག 
གསར་འགོད་པ། པདྨ་དངོས་གྲུབ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་ཁྲོད་རྒྱ་བལ་གཉིས་ནས་འབྱོར་ཟིན་པ་གྲངས་འབོར་ ༦༥༧༠༠ ལྷག་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།