དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལ་ཞི་བདེ་དང་དྲང་བདེན་གྱི་བྱ་དགའ།

ཨ་རིའི་ཨར་ཀན་ས་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གིས་དགེ་བཤེས་ལགས་སུ་ཞི་བདེ་དང་དྲང་བདེན་གྱི་བྱ་དགའ་དེ་གནང་ཡོད་འདུག

2011-02-25
Share

༄༅༎ཨ་རིའི་ཨར་ཀན་ས་མངའ་སྡེའི་གཙུག་ལག་སློ་གཉེར་ཁང་གིས་སློབ་གཉེར་ཁང་འདིའི་ནང་ཆོས་སློབ་དཔོན་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལགས་སུ་སློབ་གཉེར་ཁང་འདིའི་ཞི་བདེ་དང་དྲང་བདེན་གྱི་བྱ་དགའ་དེ་གནང་ཡོད་པའི་སྐོར་ཁ་ས་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་Tibet.net གིས་གནས་ཚུལ་སྤེལ་ཡོད་པ་རེད་

བོད་གཞུང་དྲ་གནས་ཀྱི་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ གཙུག་ལག་སློབ་གཉེར་ཁང་དེས་བྱ་དགའ་གནང་སྲོལ་འདི་ཕྱི་ལོ་༡༩༩༣ནསའགོ་བཙུགས་ཡོད་པ་དང་ད་བར་བྱ་དགའ་དེ་ཐེངས་གཉིས་ཙམ་གནང་ཡོད་པ་དང་ ཐེངས་དེའི་བྱ་དགའ་འདི་ཞི་བདེ་དང་དྲང་བདེན་ལ་བརྩོན་མཁན་ཞིག་ལ་གནང་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད་

དེ་ཡང་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ གཙུག་ལག་སློབ་གཉེར་ཁང་གིས་ཐེངས་འདིའི་བྱ་དགའ་དེ་དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལགས་སུ་གནང་དགོས་དོན་འདི་གཙོ་བོ་ཁོང་ནས་གཙུག་ལག་སློབ་གཉེར་ཁང་དེའི་ནང་ འདས་པའི་ལོ་ལྔའི་ནང་ཞི་བདེའི་ཐོག་ལ་སློབ་ཁྲིད་ཀྱིས་ གཙུག་ལག་སློབ་ཁང་དེའི་སློབ་ཕྲུག་ཙམ་མ་ཟདམང་ཚོགས་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་གནང་བ་ཞིག་ཡིན་འདུག་

གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ གཙུག་ལག་སློབ་གཉེར་ཁང་དེའི་ནང་དགེ་བཤེས་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པའི་བོད་པའི་ཆོས་དང་རིག་གཞུང་གི་འཛིན་གྲྭར་ད་ལྟའི་འཆར་རྒྱ་རིགས་ཀྱི་གཙོས་སློབ་ཕྲུག་༢༠༠ནས་༣༠༠བརྒལ་བ་ཡོད་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།