གསུམ་བཅུའི་དུས་དྲན་མ་སླེབས་སྔོན་བོད་ནང་དམ་དྲག་དང་དམག་དོན་འགྲེམས་སྟོན།


2020-03-10
Share
ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ
པར་ཚགས།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་མ་སླེབས་སྔོན་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དང་དམག་དོན་འགྲེམས་སྟོན་དང་སྦྱོང་བརྡར་བྱས་འདུག
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་མ་སླེབས་སྔོན་གྱི་ཟླ་༣་པའི་ཚེས་༦་ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་ལྷིང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཁུལ་གྱི་མིང་ཐོག་ནས་དམག་དོན་འགྲེམས་སྟོན་དང་སྦྱོང་བརྡར་བྱས་བའི་བརྙན་པར་ཁག་ཅིག་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཐོག་བཏོན་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་ ༣ ་ཚེས་༡་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་འབྲེལ་བའི་ཆེས་མཐོའི་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད་པ་དང་། དེའི་ཐོག་ཁ་བྲལ་ལ་གཏིང་ཟབ་ཀྱིས་ངོ་རྒོལ་བྱེད་པ་དང་། གཏིང་ཟབ་ཀྱིས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་རུ་ཁག་གི་ལོག་སྤྱོད་ངོ་བོ་ལ་དགག་པ་དང་རང་རྟོགས་ཀྱི་སྒོ་ནས་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་ཚོགས་ཁག་དང་དབྱེ་མཚམས་གཅོད་དགོས་པ་ཞེས་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་དགག་པ་ཤུགས་ཆེ་རྒྱབ་ནས་སྐུལ་སློང་བྱས་འདུག ལས་དོན་ཐོག་སྤྱང་གྲུང་དོད་པོས་ལྟ་སྲུང་དགོས་པ་དང་། དེ་ལྟར་མ་བྱུང་བ་ཡིན་ན་གཞུང་གི་ཁྲིམས་ལུགས་གཞིར་བཟུང་ཉེས་པ་གཏོང་རྒྱུ་ཡིན་པ་སོགས་ཉེན་བརྡ་བཏང་ཡོད་པ་ཕྱི་ཚེས་༢་ཉིན་གྱི་(Tibet Daily)་ཞེས་པའི་གཞུང་འབྲེལ་གསར་ཤོག་ནང་གནས་ཚུལ་སྤེལ་འདུག
གཞན་ཉིན་འདི་ཚོར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་དང་མེ་གསོད་རུ་ཁག དེ་བཞིན་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མི་ཟེར་བ་སོགས་འགྲེམས་འཇོག་བྱས་ཡོད་པ་དང་། སྤྱིར་སྤྱི་ཟླ་གསུམ་པ་དེ་ནི་རྣོ་ངར་ཆེ་བའི་ཟླ་བ་ཞིག་ཡིན་དུས་ཟླ་བ་འདིའི་ནང་རྒྱ་ནག་གཞུང་གིས་བོད་གི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་གང་སའི་ནང་དམ་དྲག་གི་ལས་དོན་ཤུགས་ཆེ་སྤེལ་བཞིན་ཡོད་པ། དེང་སྐབས་ཨ་མི་རི་ཀའི་ནང་བཞུགས་མཁན་དེ་སྔ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་། བོད་གནས་ཉམས་ཞིབ་པ་སྐུ་ཞབས་འཇམ་དཔལ་སྨོན་ལམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། མ་ཟད་ཁོང་གིས། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གི་བྱེད་སྒོ་འདྲ་མིན་སྤེལ་ནས་མི་ལོ་༦༡་ཕྱིན་ཡང་བོད་མིའི་བློ་ཁ་བསྒྱུར་ཐུབ་ཀྱི་མེད་པ་མུ་མཐུད་དམ་དྲག་བྱེད་བཞིན་པས་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།