ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུམ་བཅུའི་དུས་དྲན་ཆེད་བསྒྲགས་གཏམ་སྤེལ།


2020-03-11
Share
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག 2018 ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག 2018
Lhuboom/RFA

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་(Nancy Pelosi)་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་འབྲེལ་གསར་འགོད་བསྒྲགས་གཏམ་སྤེལ་འདུག
ལྕམ་(Nancy Pelosi)་མཆོག་གི་གསར་འགོད་བསྒྲགས་གཏམ་ནང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་དང་བསྟུན། དེ་སྔ་བོད་མིའི་རང་དབང་སྒེར་ལངས་སྐབས་རང་དབང་གི་ཆེད་དུ་འཐབ་རྩོད་དང་རང་སྲོག་བློས་བཏང་གནང་མཁན་སྙིང་སྟོབས་ཅན་གྱི་བོད་མི་མང་པོ་བྱུང་ཡོད་པ་ཚོར་ཆེ་བསྟོད་ཞུ་རྒྱུ་ཡིན། དེ་རིང་ནི་ང་ཚོས་རྒྱ་ནག་གི་སྡུག་རྩུབ་དྲག་གནོན་འོག་ནས་རང་དབང་དང་བདེ་འཇགས། རང་སྐྱོང་གི་ཐོབ་ཐང་། ཞི་བའི་ཐོག་ནས་འཚོ་གནས་བྱ་འདུན་ཡོད་པའི་བོད་མི་ཚོའི་མངོན་འདོད་རྣམས་དྲན་གསོ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་མོས་དང་། སྲོལ་རྒྱུན་རིག་གཞུང་། སྨྲ་བརྗོད་རང་དབང་དང་བཅས་པར་རྡོག་རོལ་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་དགོས་བ་དང་། དེ་ཡང་འཛམ་གླིང་གིས་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་ཇི་ཙམ་བྱས་ཀྱང་བོད་མིའི་ཚོའི་རེ་བ་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱ་རྒྱུར་སེམས་ཤུགས་མ་ཆག་པར་གནས་ཡོད་ཅིང་། བོད་མི་ཚོའི་དཀའ་ངལ་འཛེམས་མེད་ཀྱི་བོད་དོན་འཐབ་རྩོད་དེ་ནི་འཛམ་གླིང་ནང་གི་ཞི་བདེར་དགའ་བའི་མི་དམངས་ལ་སེམས་འགུལ་ཐེབས་བཞིན་ཡོད།
ཉིན་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཚོར་རྨད་དུ་བྱུང་བའི་ཞི་བདེའི་བཀའ་སློབ་གནང་གི་ཡོད་ཅིང་། དེར་བརྟེན་ཨ་རིའི་གྲོས་ཚོགས་འོག་མའི་སྲིད་དོན་ཚོགས་པ་གཉིས་ཀྱིས་མཉམ་མཐུན་གྱི་སྒོ་ནས་བོད་དོན་རྒྱབ་སྐྱོར་ཆེད། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་༢༠༢༠་གཏན་འབེབས་བྱས་ཡོད་ཅེས་དང་། ད་དུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཐོབ་ཐང་ནི་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་ཁོ་ནར་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་པ་ཨ་རི་གཞུང་གིས་སྲིད་ཇུས་ཁ་གསལ་བཟོས་ཡོད་པ་སོགས་འཁོད་འདུག
དེ་བཞིན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(Alexandria Ocasio-Cortez)་ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། འདས་བའི་ལོ་ངོ་བཅུ་ཕྲག་རིང་བོད་མི་ཚོས་སྙིང་སྟོབས་ཆེན་པོས་རང་དབང་ཆེད་དུ་འཐབ་རྩོད་བྱས་ཡོད། རྒྱ་ནག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་བྱ་རྒྱུ་ནི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་མཁན་ང་ཚོ་ཚང་མའི་འོས་འགན་ཆགས་ཡོད། ཅེས་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།