བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཞུ་བ་ཚོར་རོགས་རམ་གནང་རྒྱུ་རེད།
2017.12.18
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རིང་མིན་༧གོང་ས་མཆོག་གིས་རྡོ་རྗེ་གདན་ནས་གསུང་ཆོས་གནང་སྐབས་ཆོས་ཞུ་བ་ཚོར་རོགས་རམ་གནང་རྒྱུ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྱངས་མིན་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་གནང་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆོས་ཞུ་བ་ཚོའི་འགྲིམ་འགྲུལ་དང་འཕྲོད་བསྟེན་བདེ་འཇགས་སོགས་ལ་རོགས་རམ་བྱ་རྒྱུ་ཡིན་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུ་ཆེད་འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་ཆོས་ཞུ་བ་མང་པོ་འདུ་འཛོམས་བྱུང་རྒྱུ་ཡིན་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྔར་བཞིན་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུ་ཡིན་སྟབས་ཆོས་ཞུ་བ་ཚོར་རོགས་རམ་དགོས་ཚེ་གཞོན་ནུའི་ཛ་དྲག་གི་འབྲེལ་མཐུད་ཁ་པར་ཨང་གྲངས་800 265 6673 རྒྱུད་འབྲེལ་བ་བྱས་ཆོག་པ་གསལ་བསྒྲགས་བྱས་འདུག
བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་མེ་འཁོར་འབབ་ཚུགས་ནས་ཆོས་ཞུ་བ་རྣམས་ཡར་མར་འགྲོ་རྒྱུར་གླ་གཏོང་རླང་འཁོར་གོ་སྒྲིག་བྱ་རྒྱུ་སོཊ་ཞབས་ཞུའི་ཞུ་སྒོ་ཁག་ལྔའི་ཐོག་ནས་ཆོས་ཞུ་བ་ཚོར་རོགས་རམ་བྱ་འཆར་ཡོད་འདུག
གསར་འགོད་པ་རྡོ་རྗེ་མཚོ།