མཁན་པོ་ཀར་ཚེ་ལགས་གློད་བཀྲོལ་ཡོང་ཐབས་གནང་བཞིན་འདུག

2014-01-30
གློག་འཕྲིན།
མཆན།
Share
པར་བཀོད།
ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས།
ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས།
འོད་ཟེར་ལགས།

༄༅།    །ནང་ཆེན་དགོན་པ་དང་།    ཇ་པ་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་ཉེ་ཆར་ནང་ཆེན་རྫོང་གི་ཉེན་རྟོག་པ་དང།    སྤྱི་བདེ་མི་སྣར་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་གནང་སྟེ།    མཁན་པོ་ཀརྨ་ཚེ་དབང་ལགས་གློད་བཀྲོལ་ཡོང་ཐབས་གནང་བ་གཞིར་བཟུང་།    ཉིན་ཤས་གོང་དགའ་སྐྱེ་རྒུ་མདོ་དང་ནང་ཆེན་གྱི་སྤྱི་བདེ་མི་སྣ་འགའ་ཤས་ཆབ་མདོར་ཕེབས་ནས་མཁན་པོ་ཀར་ཚེ་ལགས་གློད་བཀྲོལ་སྐོར་བཀའ་མོལ་གནང་འདུག་ཀྱང་།    དོན་འབྲས་སོན་མེད་པ་རེད།
མཁན་པོ་ཀརྨ་ཚེ་དབང་ལགས་ནང་ཆེན་མཚོ་སྔོན་ཞིང་ཆེན་གྱི་མི་ཡིན་དུས་ནང་ཆེན་གྱི་སྤྱི་བདེ་མི་སྣར་རྩིས་སྤྲོད་དགོས་རྒྱུའི་དགོས་འདུན་སྟོན་ཡོད་ཀྱང་།    ཆབ་མདོའི་སྤྱི་བདེ་མི་སྣས་མཁན་པོ་ཀར་ཚེ་ལགས་ཀྱིས་ནག་ཉེས་ཆེན་པོ་ཞིག་བསགས་ཡོད་པ་དང།    ནག་ཉེས་གསག་ས་དེའང་ང་ཚོའི་ཉེ་འཁྲིས་སུ་ཡོད་སའི་ས་ཆ་དཔེར་ན།    ཀརྨ་ས་ཁུལ་གྱི་ཀརྨ་དགོན་པའི་དོན་རྐྱེན་ཐད་བརྒྱུད་སྐུལ་བྱེད་མཁན་གཙོ་བོ་དེ་མཁན་པོ་ཀར་ཚེ་རེད་ཅེས་མ་ཉེས་ཁ་གཡོག་ཆེན་པོ་བཙུགས་ནས་ལས་སླ་པོར་གཏོང་རྒྱུའི་རེ་བ་མེད་པའི་སྐོར་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་ནང་གནས་བཞུགས་ཇ་པ་དགོན་པའི་མཁན་ཟུར་ཀར་བསྟན་ལགས་སུ་འགྲེལ་བརྗོད་གནང་བཞག།
ནང་ཆེན་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་ལགས་སྔ་ལོའི་ཟླ་༡༢པའི་ཚེས༦ཉིན་ཁྲིན་ཏུ་ནས་ཆབ་མདོའི་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཏེ།    ད་ཆ་ཆབ་མདོ་ཁུལ་གྱི་བཙོན་ཁང་ཞིག་ནང་བཙོན་འཇུག་བྱེད་བཞིན་ཡོད་པ་དང་།    ཕྱི་མི་སུ་ཞིག་ཀྱང་ཁོང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།