རྒྱ་ནག་གིས་སོག་རྫོང་དུ་དམ་དྲག་དང་འཇུ་བཟུང་།

2014-07-18
གློག་འཕྲིན།
མཆན།
Share
པར་བཀོད།
གྲྭ་རྒྱལ་བསྟན་འཕེལ་རྒྱས་དང་། བཙུན་མ་དགེ་སྡིས་གཉིས།
གྲྭ་རྒྱལ་བསྟན་འཕེལ་རྒྱས་དང་། བཙུན་མ་དགེ་སྡིས་གཉིས།
ངག་དབང་ཐར་པ།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་སོག་རྫོང་གི་བོད་མི་གསུམ་འཇུ་བཟུང་བྱས་རྗེས་ཁོང་ཚོའི་གནས་སྟངས་གསལ་བོ་མེད་པར་གྱུར་ཡོད་པ་རེད།
དེ་ཡང་ངག་དབང་ཐར་པས་འདི་གར་གནས་ཚུལ་བཏང་དོན། སྤྱི་ཚེས་༩ཉིན་གྱི་ཞོགས་པར་ནག་ཆུའི་ཉེན་རྟོག་པ་སངས་རྒྱས་བཀྲིས་ཟེར་བ་གཙོས་ཉེན་རྟོག་པ་མང་པོ་སླེབས་ནས་ སོག་རྫོང་རོང་པོ་ཡུལ་ཚོའི་གྲོང་ཚོ་༡༣ནས་ཡིན་པ་གར་ཚ་ཚང་གི་གྲྭ་རྒྱལ་བསྟན་འཕེལ་རྒྱས་དང་། བཙུན་མ་དགེ་སྡིས་གཉིས་དང་། ཨ་མཚོ་ཚང་གི་ཆོས་གྲགས་བཅས་རྒྱ་གཞུང་གི་ཉེན་རྟོག་འཛིན་བཟུང་བྱས་འདུགགོང་ཞུས་མི་གསུམ་འཛིན་བཟུང་བྱས་ནས་སོག་རྫོང་གི་ཕྱོགས་སུ་ཁྲིད་པའི་རྗེས་ཁོང་རྣམ་ག་པར་བཙོན་བཅུག་བྱས་མིན་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།          རོང་པོ་གྲོང་ཚོ་ ༡༣ ནས་ཡིན་པའི་གར་ཚ་ཚང་གི་གྲྭ་བསྟན་འཕེལ་རྒྱས་ནི་རང་ལོ་ ༢༩ ཡིན་པ་དང་བཙུན་མ་དགེ་སྡིས་རང་ལོ་ ༥༢ དང་ཁོང་གཉིས་ཀྱི་ཕ་མིང་ལ་དབང་འདུས་དང་མ་མིང་ལ་ལྷག་པ་ཟེར་གྱི་ཡོད་འདུག          ཨ་མཚོ་ཚང་གི་མི་སྐྱ་ཆོས་གྲགས་རང་ལོ་ ༤༩ དང་ཕ་མིང་ལ་ཚུགས་རྒྱལ་དང་མ་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད་འདུག           བཙུན་མ་དགེ་སྡིས་ཡིས་ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་དང་ཉེས་པ་ག་རེ་ཡིན་མིན་སྐོར་ཉེན་རྟོག་པས་གསལ་བཤད་གང་ཡང་མ་བྱས་པར་བཙན་འཁྲིད་བྱས་སྐོར་བརྗོད་འདུག          ཁོང་རྣམས་ཀྱི་སྤུན་མཆེད་གཅིག་ཁོང་ཚོར་ཁ་ཟས་དང་གྱོན་གོས་སྐྱེལ་བར་སྐྱོད་སྐབས་ཁོང་ཡང་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།         ད་ལྟའི་ཆར་སོག་རོང་པོ་གྲོང་ཚོ་ ༡༣ དང་གར་ཚ་ཚང་གི་གཡས་གཡོན་དུ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ནས་ཡར་འགྲོ་མར་འགྲོ་བྱེད་མཁན་ལ་ཞིབ་བཤེར་དང་བསུན་གཙེར་ཚད་མེད་བྱེད་ཀྱི་ཡོད་སྐོར་གནས་ཚུལ་ཤེས་རྟོག་ཡོད་མཁན་གྱི་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

མཆན། (0)
Share
དྲ་གནས་ཆ་ཚང༌།