བོད་མི་ཚོས་དཀར་པོ་ཆེ་བུ་འཁྲིད་ལགས་སུ་རྟེན་འབྲེལ་ཞུས་འདུག

2018-06-11
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རིགས་དཀར་པོ་ཆེ་བུ་འཁྲིད་ལགས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་བོད་མི་ཚོས་རྟེན་འབྲེལ་ཞུས་འདུག
བོད་རིགས་དཀར་པོ་ཆེ་བུ་འཁྲིད་ལགས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་བོད་མི་ཚོས་རྟེན་འབྲེལ་ཞུས་འདུག
ཨོ་རྒྱན།

དེ་ཡང་འདི་ཚེས་༡༠་རེས་གཟའ་ཉི་མར་ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ ཀོན་སིག་ལོ་ དྷི་ནི་ནོ་ (Consiglo Di Nino) ལགས་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ལང་དཀར་ལགས་བཅས་ཀྱིས་གཙོས་ཡུལ་དེའི་བོད་མི་༡༧༠ལྷག་འདུ་འཛོམས་ཐོག་ཉེ་ཆར་ཀེ་ན་ཌའི་མངའ་སྡེ་ཨོན་ཊཱ་རི་ཡོའི་གྲོས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བར་དགའ་བསུ་རྟེན་འབྲེལ་ཞུས་པ་དང་སྦྲགས།  ཁོང་གིས་མི་དམངས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་ལམ་ལྷོང་ཡོང་རྒྱུ་དང་་བོད་ཀྱི་རྩ་དོན་ཆེད་སྔར་ལྷག་ཤུགས་སྣོན། དེ་བཞིན་ཁོང་གི་ཆབ་སྲིད་གནས་བབས་མུ་འཐུད་གོང་མཐོར་འགྲོ་བ་སོགས་ཀྱི་རེ་སྨོན་གནང་ཡོད་པ་རེད།
མཛད་སྒོའི་ཐོག་ཕེབས་པ་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཁེ་ན་ཌཱའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ ཀོན་སིག་ལོ་ དྷི་ནི་ནོ་མཆོག་གིས་དཀར་པོ་ཆེ་བུ་འཁྲིད་ལགས་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཁོ་མོར་འོས་ཤོག་བརྒྱ་ཆ་༦༠ཐོབ་པ་ནི་ཧ་ལས་དགོས་པའི་ཚད་མཐོན་པོ་ཡིན་པ་དང་། དེ་ནི་ས་གནས་མི་མང་གི་རྒྱབ་སྐྱོར་དང་ཁོ་མོའི་ཤེས་འཇོན་ལས་བྱུང་བ་ཞིག་ཡིན་པ་གསུངས་ཡོད་པ་རེད།
དགུང་གྲངས་ ༣༤ ལ་ཕེབས་པ་དཀར་པོ་ཆེ་བུ་འཁྲིད་ལགས་ནི་བལ་ཡུལ་དུ་སྐྱེས་པའི་བོད་རིགས་ཤིག་ཡིན་ཞིག་ཡིན་ཞིང་།  ༢༠༠༢ ལོར་ཁེ་ན་ཌཱའི་ནང་གནས་སྤོས་རྗེས་ཆེས་མཐོའི་སློབ་སྦྱོང་གནང་པ་དང་། སྔ་ལོ་མངའ་སྡེའི་མང་གཙོ་གསར་པའི་ཆབ་སྲིད་ཚོགས་པའི་འཐུས་མིའི་འོས་བསྡུའི་ནང་ཞུགས་ནས་ ༢༠༡༨ ཕྱི་ཟླ་ ༦ ཚེས་ ༧ ཉིན་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཡོད་པ་རེད།ད།  
dorjee-tso-75གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།