རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་སླེབས་ཉེར་བོད་དུ་དམ་བསྒྲགས།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་རིགས་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་རིགས་རྣམས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

2009.09.17

༄༅༎རྒྱ་ནག་གིས་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་རིགས་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་རིགས་རྣམས་ཀྱི་ཐོག་ཞིབ་བཤེར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག དེ་ཡང་ལོ་ལྟར་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་མུས་ལ་འདི་ལོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་མི་དགའ་བ་ཚོས་ངོ་རྒོལ་བྱས་མི་ཡོང་ངམ་སྙམ་པའི་དོགས་པ་རྒྱ་ནག་གཞུང་གིས་བྱེད་ཀྱི་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུས་ཆེན་སྲུང་བརྩི་ཞུ་སྐབས་དགེ་འདུན་པ་གཅིག་ཀྱང་ལྷ་སའི་ནང་སྡོད་མི་ཆོག་པའི་བཀའ་རྒྱ་ནག་གཞུང་གིས་བཏང་ཡོད་ལུགས་ཨོ་སི་ཀྲོ་ལི་ཡའི་འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་བརྒྱུད་བོད་ནས་གནས་ཚུལ་ངོ་སྤྲོད་གནང་ཡག་ལ་ཁོང་གིས་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཡག་འགོ་འཛུགས་བྱས་པ་དེས་ལྷ་ས་གྲོང་ཁྱེར་ནང་བོད་མི་ཉིན་རེ་ནས་ཉིན་རེ་ཉུང་དུ་འགྲོ་བཞིན་ཡིན་པ་དང་བོད་རང་སྐྱོང་ལྗོངས་ཉེན་རྟོག་ལས་ཁུངས་ཁག་གིས་མགྲོན་ཁང་དང་ཟ་ཁང་ ཁང་པ་གླ་ནས་སྡོད་ས་ཡོད་རིགས་ལ་གྲྭ་པ་དང་ཨ་ནི་སྡོད་མཁན་ཡོད་མེད་ཉེན་རྟོག་པས་དམིགས་བསལ་རྟོགས་ཞིབ་བྱེད་ཀྱི་ཡོད་འདུག ལྷག་པར་དུ་དུས་ཆེན་སྐབས་ལྷ་སའི་ནང་དགེ་འདུན་པ་གཅིག་ཀྱང་སྡོད་མི་ཆོག་ཅེས་བཤད་ཀྱི་ཡོད་འདུག དེ་བཞིན་བཀྲིས་ལྷུན་པོ་དང་རྒྱལ་རྩེ་ ས་སྐྱ་དགོན་པ་ གཞིས་ཀ་རྩེ་སོགས་བོད་མི་གནས་སྐོར་འགྲོ་ཡུལ་ཁག་ཏུ་རྒྱ་མིའི་དམག་མི་ཁྱོན་ཆེས་མེ་མདའ་སྦག་སྦག་རྒྱབ་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་བསྡད་ཡོད་ལུགས་ཡང་འགྲེལ་བརྗོད་གནང་གི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎