ཨ་རིའི་གཞུང་ཚབ་ཆེན་མོ་ལྷ་སར་ཕེབས་པའི་གནས་ཚུལ་ཤེས་རྟོགས་མི་འདུག

2019-05-25
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་བོད་མི་ཚོས་ཨ་མེ་རི་ཀའི་གཞུང་ཚབ་ཆེན་མོ་བོད་ཀྱི་རྒྱལ་སར་གཟིཌ་སྐོར་དུ་ཕེབས་པའི་གནས་ཚུལ་ཤེས་རྟོགས་མི་འདུག
བོད་ནང་བོད་མི་ཚོས་ཨ་མེ་རི་ཀའི་གཞུང་ཚབ་ཆེན་མོ་བོད་ཀྱི་རྒྱལ་སར་གཟིཌ་སྐོར་དུ་ཕེབས་པའི་གནས་ཚུལ་ཤེས་རྟོགས་མི་འདུག
ཝེ་པོ།

འདི་ག་རླུང་འཕྲིན་ཁང་གིས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་མེ་རི་ཀའི་གཞུང་ཚབ་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་པའི་སྐོར་མི་མང་དཀྱུས་མ་ཚོས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་མ་ཟད་འདྲི་རྩད་བྱེད་སྐབས་འཇིགས་སྣང་གིས་སྐད་ཆ་ཤོད་རྒྱུ་མཚམས་འཇོག་བྱས་ཡོད་འདུག ལྷར་སར་ཡུན་རིང་སྡོད་མཁན་མི་དཀྱུས་མ་ཞིག་ལ་བཀའ་འདྲི་ཞུས་པར་འདས་པའི་ཉིན་ཤས་ནང་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་བྱུང་བ་ཤེས་རྟོགས་གང་ཡང་མེད་ལ་ངས་ཨ་མེ་རི་ཀའི་གཞུང་ཚབ་ལྷ་སར་ཕེབས་ཡོད་པ་གོ་ཐོས་མ་བྱུང་ཅེས་གསུངས་རྗེས་མུ་མཐུད་འདྲི་བཏང་ཞུ་སྐབས་སེམས་འཚབ་ལངས་ནས་སྐད་ཆ་ཤོད་རྒྱུའི་མཚམས་འཇོག་བྱས་འདུགཡང་ལྷ་སར་ལོ་མང་རིང་སློབ་དགེ་གནང་མཁན་ཞིག་ལ་བཀའ་འདྲི་ཞུ་སྐབས་ཨ་རིའི་གཞུང་ཚབ་ཀྱི་གཟིགས་སྐོར་སྐོར་གནས་ཚུལ་ཤེས་རྟོགས་མེད་ལ་སློབ་གྲྭར་གཟིགས་སྐོར་གནང་མཁན་སུ་གཅིག་ཀྱང་མ་བྱུང་ཅེས་གསུང་གནང་འདུག

མི་སྣ་གསུམ་པ་ཞིག་གིས་ཨ་མེ་རི་ཀའི་གཞུང་ཚབ་ལྷ་སར་གཟིགས་དུ་ཕེབས་པའི་གནས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་ཤེས་བྱུང་མ་གཏོགས་དེའི་གོང་ལ་ཤེས་རྟོགས་གང་ཡང་མེད། རྒྱ་ནག་གི་དབུ་ཁྲིད་ཚོས་གནས་ཚུལ་དེ་གསང་བྱས་ཡོད་རེད་ཅེས་གསུངས་འདུག།

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།