བོད་ནང་བོད་མི་ཚོས་གསང་ཐབས་ཀྱི་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ།

2018-07-07
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང༌།

༄༅། །སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་བཙན་བྱོལ་ནང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་རུང་། བོད་ནང་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་།
བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཁག་ཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱས་ཡོད་ནའང་། བོད་མི་ཚོས་གསང་ཐབས་ཀྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བོད་མདོ་སྨད་མཚོ་སྔོན་མཚོ་ལྷོའི་ཕྱོགས་སུ་མི་མང་འདུ་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་མེད་ཀྱང་། དྲ་ལམ་བརྒྱུད་བོད་མི་མང་པོ་ཞིག་གིས་ཕྱི་ཚེས་༦གི་ཞོག་པ་སྔ་པོ་ནས་བཟུང་༧གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་ཀྱི་སྐུ་པར་བཞག་ནས་སེམས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་བསུ་བ་དང་འཚམས་འདྲི་ཞུ་ཞེས་བྲིས་ནས་དྲ་ཐོག་བརྒྱུད་སྐུར་གནང་ཡོད་པ་རེད།
དེ་མིན་འབྲོག་སར་ཡོད་པའི་བོད་མི་མང་པོ་ཞིག་གིས་གསང་ཐབས་ཀྱིས་རང་རང་སོ་སོའི་ས་གནས་སུ་རི་མཐོ་སར་སྐུ་གསང་ཕུལ་བ་དང་རླུང་རྟ་གཏོར་བ་སོགས་གནང་ནས་རྒྱལ་བའི་སྐུ་ཚེ་བརྟན་པའི་གསོལ་འདེབས་སྨོན་ལམ་གནང་འདུག།
དེ་བཞིན་གྲོང་ཁྱེར་ནང་གནས་ཞུགས་བོད་མི་ཁག་ཅིག་གིས་གྲོང་ཁྱེར་གྱི་མཐར་རྩ་ཐང་ཐོག་རླངས་འཁོར་དང་འཕྲུལ་རྟ་གཞོན་ནས་གླིང་ཁ་བཏང་གནང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་བཞག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།