བོད་ཁམས་བྲག་མགོ་རུ་བོད་མིས་ཞི་བའི་ངོ་རྒོལ།

ཁམས་བྲག་མགོ་རུ་བོད་མིས་ཞི་བའི་ངོ་རྒོལ་གནང་སྐབས་ཉུང་མཐར་བོད་མི་༢་ལ་སྲོག་སྐྱོན་དང༌བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་འདུག

2012.01.23

༄༅༎དེ་རིང་ཕྱི་ཚེས་༢༣རྒྱ་མིའི་ལོ་གསར་གྱི་ཉིན་དང་པོར་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་བྲག་མགོ་རྫོང་ཐོག་ཏུ་བོད་མི་མང་པོས་ཞི་བའི་ངོ་རྒོལ་གནང་སྐབས་།
ས་གནས་རྒྱ་མིའི་ཉེན་རྟོག་པས་དྲག་གནོན་བྱས་ཏེ་ཉུང་མཐར་མི་གཉིས་བསད་ཡོད་པ་མ་ཟད། བོད་མི་ཞིག་གིས་རང་ལུས་མེར་བསྲེག་གཏོང་རྩིས་བྱས་པའི་གནས་ཚུལ་བོད་ནང་གི་གནས་ཚུལ་འབྱུང་ཁུངས་ཤིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ཡོད། དེ་བཞིན་བོད་ཀྱི་དུས་བབ་གསར་ཤོག་ནང༌། ཁམས་བྲག་མགོ་ གེ་འཕན་ལུ་ཁོག་མ་དང༌། ནོར་པ་ས་ཁུལ་བཅས་ཀྱི་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན། བོད་ལ་རང་དབང་དགོས། ཞེས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་གནང་སྐབས། རྒྱ་ནག་ཉེན་རྟོག་མི་སྣས་མེ་མདའ་བརྒྱབ་ཏེ་ མིང་ལ་ཡོན་ཏན་ཞུ་བའི་བོད་མི་ཞིག་དམར་བསད་བཏང་བ་དང༌། དགེ་འདུན་པ་གསུམ་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད། ད་ལྟའི་ཆར་ས་གནས་བོད་མི་ཚོས་ཡོན་ཏན་ལགས་ཀྱི་སྐུ་ཕུང་བྲག་མགོ་དགོན་དུ་ལེན་ཐུབ་ཡོད་པ་ལས།
དགེ་འདུན་པ་གཞན་རྣམས་ཤི་གསོན་གྱི་གནས་སྟངས་ག་རེ་ཆགས་ཡོད་མེད་ཤེས་རྟོགས་མེད་པ་རེད། དེ་རིང་གི་ལས་འགུལ་ཁྲོད་ཉེན་རྟོག་པས་ཁྱོན་བསྡོམས་བོད་མི་༢༠༠ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག་ལ། ད་ལྟའི་ཆར་ཁམས་བྲག་མགོ་རྫོང་དུ་རྨས་སྐྱོན་ཕོག་པ་གང་མང་ཞིག་ཡོད་པ་དང༌། དེའི་ནང་ནས་བྲག་མགོ་དགོན་པའི་སྨན་པ་རྒན་བསྟན་འཛིན་དར་རྒྱས་ལགས་ཞུ་བར་རྒྱ་དམག་གི་མེ་མདའ་ཕོག་ཡོད་པ་དང༌། ཁོང་གི་ཁོག་ནས་མདེའུ་འདོན་མ་ཐུབ་པར་ད་ཆ་ཁོང་གི་གནས་སྟངས་ཛ་དྲག་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎