ཡུ་གུར་བ་ཞིག་འཛམ་གླིང་ནང་ཤུགས་རྐྱེན་ཆེ་ཤོས་སྤྲོད་ཐུབ་མཁན་གྱི་མི་སྣ་བརྒྱའི་ཁོངས་སུ་ཚུད།


2020-09-23
Share
ཡུ་གུར་མི་རིགས་སྐུ་ཞབས་(Nury Turkel)་ལགས། ཡུ་གུར་མི་རིགས་སྐུ་ཞབས་(Nury Turkel)་ལགས།
དྲ་བཤུས།/time

ཡུ་གུར་མི་རིགས་སྐུ་ཞབས་(Nury Turkel)་ལགས་(Time)་དུས་དེབ་ཀྱི་༢༠༢༠་ལོའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་སྤྲོད་ཐུབ་མཁན་གྱི་མི་སྣ་༡༠༠་ཡི་གྲས་སུ་མིང་འདོན་གནང་འདུག
ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་གྱི་ཚོགས་མི་ཡིན་པ་ཡུ་གུར་མི་རིགས་(Nury Turkel)་ལགས་(Time)་དུས་དེབ་ཀྱི་༢༠༢༠་ལོའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་སྤྲོད་ཐུབ་མཁན་གྱི་མི་སྣ་༡༠༠་ཡི་གྲས་སུ་མཚན་འདོན་གནང་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་(Nury Turkel)་ལགས་(Time)་དུས་དེབ་ཀྱི་ཕྱི་ལོ་༢༠༢༠་ལོའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་ཤོས་སྤྲོད་ཐུབ་མཁན་གྱི་མི་སྣ་༡༠༠འི་གྲས་སུ་མཚན་འདོན་གནང་བར། ཕྱི་ཚེས་༢༢་ཉིན་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
ཁོང་ནི་འདི་ལོའི་ཕྱི་ཟླ་༥་པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནང་བསྐོ་བཞག་གནང་བ་ཞིག་རེད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Gayle Manchin)་ལགས་ཀྱིས། (Nury Turkel)་ལགས་ནི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་ཞིག་གོང་ཞུས་ལྷན་ཚོགས་ནང་ཞབས་ཞུ་གནང་མཁན་ཐོག་མ་དེ་ཡིན་པ་དང་། ཁོང་གིས་ཆོས་ལུགས་བརྟེན་ནས་དེ་སྔ་རྒྱ་ནག་ནང་རིག་གནས་གསར་བརྗེའི་སྐབས་སུ། ངལ་རྩོལ་བསྒྱུར་བཀོད་རྭ་བའི་ནང་སྐྱེས་བ་དང་། དེ་ནས་ཟླ་བ་འགའ་ཤས་རྒྱ་ནག་གིས་འཛིན་བཟུང་དོ་དམ་འོག་མི་ཚེ་སྐྱེལ་དགོས་བྱུང་བས། ཁོང་ལ་དཀའ་ངལ་ཆེན་པོ་འཕྲད་རུང་ཁོང་གིས་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟབས་ད་ཆ་ཁོང་(Time)་དུས་དེབ་ཀྱི་ལོ་འདིའི་ནང་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་གྱི་མི་སྣ་༡༠༠འི་ཁོངས་སུ་མིང་འདོན་གནང་ཡོད་སྐོར་གསུངས་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་ཁག་འགེབ་རྒྱུའི་འབད་བརྩོན་ཆེན་པོ་བྱེད་མིན་ལ་མ་ལྟོས་པར་(Nury Turkel)་ལགས་ཀྱིས་ཨ་རིའི་ནང་སློབ་སྦྱོང་བྱས་ནས། ཡུ་གུར་ཁ་ཆེའི་མི་རིགས་ཤིག་ཨ་རིའི་ཁྲིམས་རྩོད་པ་ཆགས་པ་ཐོག་མ་དེ་ཡིན་སྟབས་ཁོང་གིས་འདས་པའི་ལོ་མང་རིང་རང་ཉིད་ཀྱི་སྤྱི་ཚོགས་ལ་ཞབས་ཞུའི་ལས་དོན་བསྒྲུབ་ནས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་རྒྱ་བསྐྱེད་གཏོང་ཐབས་གནང་བ་དང་། ཡུ་གུར་མི་རིགས་བརྒྱ་ཕྲག་མང་པོར་ཨ་རིའི་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཐོབ་ཐབས་གནང་བ། འཛམ་གླིང་གི་སྡིང་ཆ་དང་གྲོས་ཚོགས་ཀྱི་ཉན་ཞིབ་གྲངས་ལས་འདས་པའི་ནང་མཉམ་ཞུགས་གནང་སྟེ། གཏམ་བཤད་དང་བདེན་དཔང་བྱས་ནས་ཡུ་གུར་མི་རིགས་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་འཛིན་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པའི་གནས་སྟངས་ཐད་འཛམ་གླིང་མི་མང་གིས་དོ་སྣང་བྱེད་ཡུལ་གྱུར་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།