གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།

2024.09.30
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་། པིང་ཀི་ལགས། ༢༠༢༤།༠༩།༣༠ ཉིན།
RFA/ Tenzin Dhonyoe

བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་གཏོང་ལེན་སློབ་གྲྭ་ནས་འཚར་ལོང་བྱུང་བའི་རྒྱ་གར་བ་ Pinky Haryan ལགས་ཉེ་ལམ་རྒྱ་ནག་བྱང་ཤར་ཁུལ་གྱི་ལེའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཅིན་ཀྲོའུ་ (Jinzhou Medical University) གསོ་རིག་གཙུག་ལག་སློབ་ཆེན་ནས། M.B.B.S ཡི་སྨན་པའི་སློབ་སྦྱོང་མཐར་ཕྱིན་ཡོད་པ་དེ་ནི་གཏོང་ལེན་སློབ་གྲྭའི་སློབ་མ་ཞིག་ནས་ཚད་མཐོའི་སྨན་པའི་སློབ་མཐར་སོན་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག

པིང་ཀི་ལགས་ནི། ཆུང་དུས་ཕ་མ་དང་ལྷན་སྲང་ལམ་ཁག་ཏུ་སློང་མོ་རྒྱག་སྟེ་འཚོ་བ་སྐྱེལ་མཁན་གྱི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་ཡིན་པ་དང་། ལོ་བཞིའི་ཐོག་གཏོང་ལེན་རྒན་འཇམ་དབྱངས་ལགས་ནས་གཏོང་ལེན་སློབ་གྲྭའི་ནང་སློབ་འཇུག་གནང་ཡོད་པ་རེད་འདུག་ཅིང་། གཏོང་ལེན་གྱི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས། པིང་ཀི་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཏོང་ལེན་སློབ་གྲྭ་ནི་ཕྱི་ལོ་ ༢༠༠༤ ལོར་དབུལ་ཕོངས་ཁྱིམ་ཚང་གི་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་བསྐྲུན་ཆེད་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་བར་སློབ་གྲྭ་དེ་ནས་མཐར་སོན་བྱུང་བའི་སློབ་མ་རྣམས་སྤྱི་ཚོགས་ཁྲོད་ཚད་མཐོའི་ཤེས་ཡོན་གྱི་གོ་ས་བཟུང་བསྡད་པ་ཡང་མང་དག་ཅིག་ཡོད་པ་དང་། པིང་ཀི་ལགས་གཙོས་པའི་དབུལ་ཕོངས་ཀྱི་ཕྲུ་གུ་མང་དག་ཅིག་བདག་གཅེས་དང་སློབ་འཇུག་མཐུན་འགྱུར་གནང་ཡོད་ཅེས་གཏོང་ལེན་གསར་འཛུགས་གནང་མཁན་གྱི་རྒན་འཇམ་དབྱངས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

Ven-Jamyang-Tong-Len-p2.jpg

པིང་ཀི་ལགས་ནས་ཕྱི་ལོ་ ༢༠༡༨ ལོའི་ཟླ་བ་ ༩ པའི་ནང་རྒྱ་ནག་ཏུ་སློབ་སྦྱོང་ཆེད་མ་ཕེབས་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། དེ་སྔ་ཁོང་ནས་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཕྱག་དེབ་དཔེ་ཀློག་བྱས་ཡོད་པ་དེས་ཉིན་རེའི་འཚོ་བའི་ཁྲོད་བསམ་བློ་ཁྱེར་ཕྱོགས་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་བསྐྲུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྩ་བའི་གཏོང་ལེན་སློབ་གྲྭའི་ནང་བསླབ་གཞི་གཙོ་བོ་ནི་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཞིར་བཟུང་སློབ་འཁྲིད་བྱེད་ཀྱི་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་སྤྱི་ཚོགས་ཁྲོད་ཕན་པ་སྒྲུབ་མཁན་གྱི་མི་བཟང་པོ་ཞིག་གསོ་སྐྱོང་བྱེད་ཆེད་དུ་ཡིན་ཞེས་རྒན་འཇམ་དབྱངས་ལགས་ཀྱིས་གསུངས་བྱུང་།

ད་ལྟའི་ཆར་གཏོང་ལེན་སློབ་གྲྭའི་ནང་འཛིན་གྲྭ་དང་པོ་ནས་བཅུ་པ་བར་ཡོད་ཅིང་། ཁྱོན་སློབ་མ་གྲངས་ ༥༠༠ ལྷག་ལ་མུ་མཐུད་རོགས་རམ་གནང་མུས་ཡིན་པ་རེད་འདུག དེ་ཞིན་ཡོང་རྒྱུ་བསྡད་པའི་ཟླ་བ་ ༡༡ པའི་ཚེས་ ༡༩ ཉིན་གཏོང་ལེན་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བལ་ཡུལ་དུ་བོད་པའི་དྭང་བླངས་པ་ཁག་ཅིག་གིས་ཉེ་ཆར་བལ་ཡུལ་ནང་ཆུ་ལོག་གི་གོད་ཆགས་སྐབས་རོགས་རམ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎