ཐའེ་ལྦན་དུ་རྒྱ་ནག་སྐམ་སའི་འབྲེལ་མཐུད་འགན་འཛིན་ལ་ངོ་རྒོལ།

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་འབྲེལ་མཐུད་འགན་འཛིན་ཐའེ་ལྦན་ལྷོ་ཕྱོགས་ཀྱི་ཀའོ་ཤུང་གྲོང་ཁྱེར་རུ་གཞུང་འབྲེལ་ལྷན་ཚོགས་སུ་འབྱོར་བ།

2011-02-24
Share

༄༅༎རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་འབྲེལ་མཐུད་འགན་འཛིན་ཁྲེན་ཡུན་ལིན་ཚེས་༢༤ཉིན་ཐའེ་ལྦན་ལྷོ་ཕྱོགས་ཀྱི་ཀའོ་ཤུང་གྲོང་ཁྱེར་རུ་གཞུང་འབྲེལ་ལྷན་ཚོགས་ཞིག་ཏུ་འབྱོར་སྐབས་ མི་གྲངས་ཉིས་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་དང་མང་པོས་རྒྱ་ནག་གི་སྐུ་ཚབ་ཀྱི་རླངས་འཁོར་གྱི་ཁ་ཕྱོགས་སུ་སྒོ་ང་དང་མེ་ཏོག་གཡུགས་ཏེ་ངོ་རྒོལ་གྱི་སྣེ་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎

རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་འབྲེལ་མཐུད་སྐུ་ཚབ་ཁྲེན་ཡུན་ལིན་གྱི་སྣེ་འཁྲིད་བྱས་པའི་སྐུ་ཚབ་ཚོགས་པ་དེ་བཞིན་རྒྱ་ནག་གི་ས་ཁུལ་ཁག་༢༠ཙམ་ནས་གཞུང་འབྲེལ་གྱི་བཟོ་ཚོང་ལས་ཁང་ཁག་གི་ཚོང་འབྲེལ་སྐུ་ཚབ་ཅིག་ཡིན་ཞིང་ སྐུ་ཚབ་ཚོགས་པ་དེའི་བརྒྱུད་ཐའེ་ལྦན་གྱི་ཀའོ་ཤུང་གྲོང་ཁྱེར་རུ་ཐའེ་ལྦན་དང་ཟུང་འབྲེལ་གྱི་ཚོང་འབྲེལ་ལས་དོན་སྤེལ་རྒྱུའི་ཆེད་འབྱོར་ཡོད་པ་རེད་ ཆབ་སྲིད་ཀྱི་ཐད་ནས་ཐའེ་ལྦན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེ་བཞིན་ཐའེ་ལྦན་རང་བཙན་རྒྱལ་ཁབ་ཀྱི་འདོད་ཚུལ་ཤུགས་ཆེ་འཛིན་པའི་ས་ཁུལ་ཞིག་ཡིན་པར་སོང་ རྒྱ་ནག་སྐམ་ས་ཆེན་མོའི་ཐའེ་ལྦན་འབྲེལ་མཐུད་པས་ཁུལ་དེའི་ནང་ཚོང་འབྲེལ་གྱི་སྐུ་ཚབ་སྣེ་འཁྲིད་བྱེད་པ་དེ་ཚོང་ལས་དང་དཔལ་འབྱོར་གྱི་ལམ་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་མི་མང་ཚོས་རྒྱ་ནག་ཕྱོགས་སུ་བློ་སེམས་འགུགས་ཐབས་ཡིན་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་གཟིགས་ཀྱི་ཡོད་འདུག་ ལུ་ཀུའོ་ཧུ་ཟེར་བའི་ཀའོ་ཤུང་གྲོང་ཁྱེར་ནང་གི་ལས་མི་ཞིག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཚོས་ཀའོ་ཤུང་གྲོང་ཁྱེར་ནང་མ་རྩ་འཛུགས་པའི་ལས་འཆར་དེ་བསྔགས་བརྗོད་འོས་པ་ཞིག་ཡིན་རུང་ རྒྱ་ནག་གཞུང་ནས་དཔལ་འབྱོར་གྱི་སྟོབས་ཤུགས་བྱས་ཏེ་ དམིགས་ཡུལ་ངོ་མ་ཐའེ་ལྦན་དེ་བཞིན་རྒྱ་ནག་དང་གཅིག་སྒྲིལ་གཏོང་རྩིས་བྱེད་ཀྱི་ཡོད་པའི་བློ་འཚབ་འདུག་ཅེས་ཕེརན་སི་གསར་ལས་ཁང་ལ་བསམ་ཚུལ་འགྲེལ་བརྗོད་བྱས་འདུག ཚེས་༢༤ཉིན་རྒྱ་ནག་གཞུང་གི་སྐུ་ཚབ་ཐའེ་ལྦན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེར་འབྱོར་སྐབས་ མི་ཚོགས་༢༠༠སྐོར་ཞིག་ནས་ཉེ་སྔོན་ཨབ་རི་ཀའི་ཀྲུ་ནི་ཤི་ཡ་རྒྱལ་ཁབ་ནང་མི་མང་ཚོས་ཇེསི་མིན་གསར་བརྗེ་ཞེས་ལག་ཏུ་ཇེསི་མིན་(Jasmine)མེ་ཏོག་འཆར་ཞིང་ ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ནས་དཔེ་མཚོན་གྱིས་ རྒྱ་ནག་སྐམ་ས་ཆེན་མོའི་སྐུ་ཚབ་ཚོགས་པའི་རླངས་འཁོར་གྱི་གཞུང་ལམ་བརྒྱུད་ཐའེ་ལྦན་རང་བཙན་ཡིན་པའི་སྦྱར་ཡིག་འཕྱར་པ་དང་ དེ་བཞིན་རླངས་འཁོར་གྱི་ཁ་ཕྱོགས་སུ་མེ་ཏོག་དང་སྒོ་ང་གཡུགས་ཏེ་ངོ་རྒོལ་གྱི་རྣམ་འགྱུར་མཚོན་པའི་ཕེབས་བསུའི་སྣེ་ལེན་བྱས་ཡོད་པ་རེད་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།