བོད་རྨ་ཆེན་རྫོང་གི་རྭ་རྒྱ་ས་གནས་སུ་དམ་བསྒྲཌ་བྱེད་བཞིན།

བོད་རྨ་ཆེན་ཁུལ་དུ་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་དམག་མིས་ས་ཁུལ་དུ་བལྟ་སྲུང་དམ་བསྒྲཌ་ཤུཌ་ཆེ།

2009.03.23

༄༅༎བོད་ཀྱི་མཚོ་སྔོན་ས་ཁུལ་གྱི་རྨ་ཆེན་ས་ཁུལ་དུ་གནས་པའི་རྭ་རྒྱ་དགོན་པའི་དགེ་འདུན་པ་དང་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་དམག་མིས་ས་ཁུལ་དུ་བལྟ་སྲུང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་པེ་ཅིང་ནས་ཨེ་པི་གསར་སྤེལ་ཁང་གི་གནས་ཚུལ་སྤེལ་བའི་ནང་རེས་གཟའ་སྤེན་པའི་ཉིན་རྭ་རྒྱ་དགོན་པའི་དགེ་འདུན་པ་བཀྲིས་བཟང་པོ་ཞུས་པ་ཞིག་གིས་བོད་མིའི་རང་དབང་གི་ཆེད་ལས་འགུལ་སྤེལ་བའི་རྒྱུ་མཚན་གྱིས་རྒྱ་ནག་གི་ཉེན་རྟོག་དམག་མིས་ཁོང་ལ་དྲི་བརྩད་བྱས་པའི་སྐབས་ཁོང་ས་གནས་སུ་ཡོད་པའི་ཆུ་ནང་མཆོང་པའི་གནས་ཚུལ་བྱུང་བའི་རྗེས་སུ་ས་གནས་ཀྱི་བོད་མི་སྟོང་ཕྲག་གཅིག་ལྷག་ཙམ་གྱིས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་རེད་འདུག

རྒྱ་ནག་གིས་ཕྱི་བསྒྲགས་བྱས་པའི་ནང་གནད་དོན་དེ་དང་འབྲེལ་བ་ཡོད་པའི་བོད་རིགས་མི་གྲངས་དྲུག་འཛིན་བཟུང་བྱས་པའི་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་དང་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་དོན་ལྟར་ན་བོད་མི་གང་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་དང་ཁོང་རྣམས་ཀྱི་གནས་ཚུལ་ཆ་ཚང་གསལ་པོ་མེད་ཀྱང་འཛིན་བཟུང་བྱས་པའི་ར་རྒྱ་དགོན་པའི་དགེ་འདུན་པ་གསུམ་སུ་ཡིན་ཤེས་རྟོགསབྱུང་ཡོད་པ་དང་ར་རྒྱ་དགོན་པའི་དགེ་སྐོས་དང་མཉམ་དུ་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་པོ་ནི་ར་རྒྱ་དགོན་པའི་ཤེས་རིག་སློབ་གྲྭའི་འགོ་ཁྲིད་དགུང་ལོ་བཞི་བཅུ་ལ་ཕེབས་པའི་བཟོད་པ་ཞུས་པ་གཅིག་དང་དགོན་པའི་དྲུང་ཡིག་གི་འགན་ཁུར་གནང་མཁན་དགུང་ལོ་ཉི་ཤུ་རྩ་དྲུག་ཙམ་ཡིན་པའི་རྒྱལ་མཚན་ཡིན་པ་ར་རྒྱ་དགོན་པའི་དགེ་འདུན་པ་ཡིན་པ་ད་ལྟ་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་ཡོད་པའི་སྐུ་ཞབས་བློ་བཟང་དབང་ཕྱུག་ལགས་ཀྱིས་གསལ་བཤད་གནང་སོང༌།ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་ད་ཆ་ར་རྒྱ་ས་ཁུལ་དུ་རྒྱ་ནག་གི་དམག་མི་འཕར་མ་མངག་གཏོང་བྱས་ནས་ས་གནས་སུ་དམག་མི་བདུན་བརྒྱ་ནས་བརྒྱད་བརྒྱ་ཙམ་ཡོད་པའི་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎