ལྕམ་མེ་ལེན་ཡ་མཆོག་གིས་ལྡི་ལིར་སེམས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་འཛིན་གྲྭར་གཟིཊ་སྐོར།


2020.02.26
ལྕམ་མེ་ལེན་ཡ་མཆོག་གིས་ལྡི་ལིར་སེམས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་འཛིན་གྲྭར་གཟིཊ་སྐོར་སྐབས། ༢༠༢༠།༢།༢༥ ལྕམ་མེ་ལེན་ཡ་མཆོག་གིས་ལྡི་ལིར་སེམས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་འཛིན་གྲྭར་གཟིཊ་སྐོར་སྐབས། ༢༠༢༠།༢།༢༥
AP

ཨ་མི་རི་ཀའི་སྲིད་འཛིན་གྱི་ལྕམ་སྐུ་མེ་ལེན་ཡ་མཆོག་གིས་ལྡི་ལིར་སེམས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་འཛིན་གྲྭར་གཟིཊ་སྐོར་གནང་འདུག
ཨ་མི་རི་ཀའི་སྲིད་འཛིན་(Donald Trump)་ གཏན་ཞལ་རྣམ་གཉིས་ཀྱིས་རྒྱ་གར་ནང་གཟིགས་སྐོར་གནང་མུས་དང་། འདི་ཚེས་༢༥་ཉིན་སྲིད་འཛིན་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)་མཆོག་དང་མཇལ་འཕྲད་གནང་བའི་སྐབས། ཁོང་གི་སྐུ་ཟླ་ལྕམ་(Melania Trump)་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་གཞུང་གི་སློབ་གྲྭ་ཞིག་ནང།   ནང་སེམས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་ཀྱི་འཛིན་གྲྭར་གཟིགས་སྐོར་གནང་འདུག
རྒྱལ་ས་ལྡི་ལིའི་གཞུང་གི་སློབ་གྲྭ་ཁག་ཏུ། ཉིན་ལྟར་ཐོག་མར་སྐར་མ་ལྔའི་རིང་སྒོམ་རྒྱབ་པའི་རྗེས། དུས་ཡུན་སྐར་མ་༤༥་རིང་ནང་སེམས་ཀྱི་བདེ་སྐྱིད་དང་མི་བཟང་པོ་ཞིག་ཆགས་ཐབས་སུ་བཟང་སྤྱོད་དང་འབྲེལ་བའི་འཛིན་གྲྭ་ཚོགས་ཀྱི་ཡོད་པ་དང་། སློབ་གཞི་དེ་བཞིན་ཕྱི་ལོ་༢༠༡༨་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་བ་ཞིག་ཡིན་འདུག
ལྕམ་(Melania Trump)་གིས་གཏམ་བཤད་མདོར་བསྡུས་ཤིག་གནང་བའི་ནང་། སེམས་ཀྱི་བདེ་སྐྱིད་འབྱུང་ཐབས་ཀྱི་སློབ་ཚན་ཐོག་ནས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་གསུངས་འདུག དེ་བཞིན་ཁོང་གིས་ཨ་རིའི་སློབ་གྲྭ་ཁག་ནང་བཟི་སྨན་ངན་གོམས་དེ་བཞིན་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན་སྟབས་སྔོན་འགོག་བྱ་ཕྱོགས་སུ་ཐུགས་འཁུར་ཆེ་བཞེས་གནང་གི་ཡོད་པ་དང་། དྲ་རྒྱའི་ཉེན་སེལ་དང་། སྤྱི་ཡོངས་ཀྱི་ཕྲུ་གུའི་བདེ་དོན་གོང་འཕེལ་གཏོང་ཐབས་གནང་གི་ཡོད་ལུགས་གསུངས་འདུག
དེ་ནས་ལྕམ་(Melania Trump)་མཆོག་རྒྱལ་ས་ལྡི་ལིའི་ལྷོ་ཕྱོགས་སུ་ཡོད་པའི་བུ་མོའི་སློབ་གྲྭ་ཞིག་ནང་གཟིགས་སྐོར་ཕེབས་འདུག


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎