ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག

2024.12.06
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་(David Perdue)་ལགས་ཀྱིས་གཏམ་བཤད་སྐབས། ༠༩།༢༤།༢༠༢༤
REUTERS

ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཊྲམཔ་ (Donald Trump)་ཡིས་ཟླ་འདིའི་ཚེས་ ༥ དགོང་དྲོར། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ (David Perdue) ལགས་རྒྱ་ནག་ནང་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་ཡོད་པ་དང་། ཁོང་ནི་ལོ་ངོ་༤༠ལྷག་གི་ཚོང་དོན་དང་འབྲེལ་བའི་ཉམས་མྱོང་ཡོད་པའི་ཆབ་སྲིད་པ་ཞིག་ཡིན་པས་རྒྱ་ནག་དང་ཨ་རིའི་བར་ཕན་ཚུན་ཡིད་ཆེས་བརླག་པ་དང་ཚོང་དོན་གྱི་འགལ་ཟླའི་དཀའ་རྙོག་ཁག་སེལ་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད་ཅེས་(Truth)་ཞེས་བདམས་ཐོན་སྲིད་འཛིན་མཆོག་གི་སྤྱི་ཚོགས་དྲྭ་ལམ་སྟེང་བཀོད་འདུག
སྐུ་ཞབས་(David Perdue)་ལགས་དེ་སྔོན་སིང་ག་ཕོར་དང་། ཧོང་ཀོང་ནང་གནས་སྡོད་ཀྱིས་ཨེ་ཤེ་ཡའི་ནང་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གནང་སྐབས་སུ་དམག་དོན་ཚོགས་ཆུང་ནང་ལས་དོན་བསྒྲུབས་ཡོད། དེའི་ནང་ནས་ཀྱང་ནུས་པ་ཆེ་བའི་མཚོ་དམག་སྟོབས་ཤུགས་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་མ་ཟད། དེ་བཞིན་ཕྱི་འབྲེལ་ཚོགས་ཆུང་ནང་ནས་ཀྱང་ཕྱག་ལས་གནང་མྱོང་ཡོད་པའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་པ་རེད། དེ་བས་བདམས་ཐོན་སྲིད་འཛིན་མཆོག་གིས་སྐུ་ཞབས་(David Perdue)་ཀྱིས་རྒྱ་ནག་ནང་ཞི་བདེ་རྒྱུན་འཁྱོངས་དང་། རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཉམ་ལས་སྐབས་ངའི་ཐབས་བྱུས་ལག་བསྟར་བྱེད་པར་ཁོང་གལ་ཆེན་པོ་ཆགས་ཡོད་ཅེས་བཀོད་འདུག
ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་(Donald Trump)་ཡིས་འབྱུང་འགྱུར་ཕྱི་ལོ་༢༠༢༥ལོའི་ཟླ་བ་༡པོའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་གྱི་འགན་དངོས་སུ་འཁུར་རྒྱུ་ཡིན་པ་དང་། ཁོང་གིས་སྨན་རྫས་དང་། ལྷག་པར་དུ་(Fentanyl)་ཞེས་པའི་བཟི་སྨན་ཁྲིམས་འགལ་ཀྱིས་རྒྱ་ནག་ནས་ཨ་རིའི་ནང་ཚོང་བསྒྱུར་བྱེད་བཞིན་པ་དེ་མཚམས་འཇོག་མ་བྱས་བར་དུ་རྒྱ་ནག་གི་ཅ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་བཅུ་ཁ་སྣོན་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎