བལ་ཡུལ་སྲིད་བློན་གྱི་འོས་དམིགས་གཉིས་ཀྱིས་དེབ་སྐྱེལ་བྱས་པ།

བལ་ཡུལ་ནང་སྲིད་བློན་གྱི་འོས་དམིགས་གཉིས་ཀྱི་དེབ་སྐྱེལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2011.08.27

༄༅༎འདས་པའི་འདིའི་ཚེས་བཅུ་བཞི་ཉིན་། བལ་ཡུལ་གྱི་སྲིད་བློན་ཇ་ལ་ནའཐ་ཀ་ནལ་མཆོག་ནས་རྩ་ཁྲིམས་ཟིན་བྲིས་ཀྱི་ལས་དོན་གྲུབ་རྒྱུར་དཀའ་ངལ་འཕྲད་པ་སོགས་ཀྱི་རྐྱེན་པས་དགོངས་ཞུ་གནང་ཡོད་པའི་རྗེས་སུ་སྲིད་བློན་གསར་དུ་འདེམས་རྒྱུའི་ལས་དོན་སྤེལ་འགོ་བཙུགས་ཡོད་པ་རེད། ཁ་ས་རེས་གཟའ་པ་སངས་ཉིན་གྲོས་ཚོགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་བྱེད་པར་ལྟར་ན། མའོའི་དམར་ཤོག་ཚོགས་པའི་ངོས་ནས་སྲིད་བློན་འོས་དམིགས་སུ་སྦ་སྦུ་རམ་བ་ཏ་རའེ་དང་། ཀོང་རེ་སེ་ཚོགས་པའི་ཐོག་ནས་རམ་ཅན་རྡ་ར་པའུ་ཌེལ་འོས་དམིགས་སུ་དེབ་སྐྱེལ་བྱས་ཡོད་འདུག ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀྱི་གོང་ཞུས་འོས་དམིགས་གཉིས་ནས་འོས་འདེམས་ཡོང་རྒྱུར་གྲོས་ཚོགས་འཐུས་མི་དྲུག་བརྒྱ་གཅིག་ལས་གྲུབ་པའི་འཐུས་མིའི་མང་མོས་ཐོབ་དགོས་ཀྱི་ཡོད་པ་དང་། ད་ལྟའི་འཆར་ཚོགས་པ་གཉིས་ཀར་གྲོས་ཚོགས་འཐུས་མང་བས་རྒྱབ་སྐྱོར་ཡོང་ཐབས་སུ་ཚོགས་པ་ཆུང་ཆུང་གཞན་ཚོས་རྒྱབ་སྐྱོར་ཐོབ་པ་ཞིག་དགོས་ཀྱི་ཡོད་པ་ལས་སོ་སོའི་ཚོགས་པའི་ཐོག་ནས་མང་མོས་ཐོབ་ཐབས་མེད་པ་རེད།

སྤྱིར་བཏང་བལ་ཡུལ་ནང་། འདས་པའི་ལོ་ངོ་འགའ་ཤས་ནས་བཟུང་གཞུང་འཛིན་མཁན་ཆབ་སྲིད་ཚོགས་པ་གཅིག་ནས་འགན་ལེན་ཐུབ་མེད་སྟབས་མནའ་འབྲེལ་ཚོགས་པ་དང་དམིགས་བསལ་མའོའི་དམར་ཤོག་ཚོགས་པའི་ངོས་ནས་ཡང་སེ་རྙོག་ཁྲ་བཤད་པ་བཅས་ལ་བརྟེན་གཞུང་ཚགས་ཚུད་པོ་ཞིག་ཡོང་གི་མེད་པ་རེད། ལྷག་པར་དུ་གྲོས་ཚོགས་ནས་རྩ་ཁྲིམས་ཟིན་བྲིས་བྱེད་ཐུབ་རྒྱུར་ཚང་མས་མོས་མཐུན་ཡག་པོ་ཞིག་ཡོང་གི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎