བལ་ཡུལ་གྱི་གནམ་ཐང་ནས་བོད་མི་གཉིས་འཇུ་བཟུང་དང་ཉེས་ཆད།

2014-02-28
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་Tribhuvanརྒྱལ་སྤྱིའི་གནམ་ཐང་། ༢༠༡༡
བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་Tribhuvanརྒྱལ་སྤྱིའི་གནམ་ཐང་། ༢༠༡༡
པར། ཀླུ་འབུམ།

བལ་ཡུལ་གྱི་རྒྱལ་སྤྱིའི་གནམ་ཐང་ནས་བོད་མི་གཉིས་འཇུ་བཟུང་གིས་དཔལ་འབྱོར་གྱི་ཉེས་ཆད་བཏང་འདུག
དེ་ཡང་བལ་ཡུལ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༢༤ཉིན་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་Tribhuvanརྒྱལ་སྤྱིའི་གནམ་ཐང་ནས་རྒྱ་གར་ལ་འཕུར་བསྐྱོད་བྱེད་མཁན་བོད་མི་གཉིས། གནམ་ཐང་གི་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱིས་ལག་འཁྱེར་ཐོངས་མཆན་སོགས་ལ་རྟག་དཔྱད་སྐབས་ཁྲིམས་མཐུན་འཕུར་བསྐྱོད་ཆོག་པའི་ཡིག་ཆ་མེད་པ་དང་། བལ་ཡུལ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་མེད་པ་སོགས་ཀྱི་ཉེས་འཛུགས་བྱས་ནས་འཕུར་བསྐྱོད་བྱེད་དུ་མ་བཅུག་པར་བཀག་ཉར་བྱས་ཡོད་པ་དང་། ཕྱི་མི་ཞིབ་གཤེར་ལས་ཁུངས་དང་བདེ་འཇགས་ཚན་པས་བོད་མི་ཁོང་གཉིས་ལ་བསྡོམས་པས་བལ་སྒོར་གཉིས་ཁྲི་ལྔ་སྟོང་ལྷག་གི་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་ཡོད་པ་དང་། ཉེས་ཆད་དེ་མཇལ་ཚེ་རྒྱ་གར་ལ་འཕུར་བསྐྱོད་ཆོག་པ་ལས་གཞན་བཀག་ཉར་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱས་པར་བརྟེན། ཁོང་གཉིས་ཀྱིས་སྤྱི་ཚེས་༢༥ཉིན་དཔལ་འབྱོར་ཉེས་ཆད་གཙང་མཇལ་བྱས་རྗེས་གློད་བཀྲོལ་བཏང་བ་དང་རྒྱ་གར་ལ་འཕུར་ཐུབ་པ་བྱུང་ཡོད་འདུག
བོད་མི་ཁོང་གཉིས་ནི་རྒྱ་གར་Suja. Matrooནས་ཡིན་པ་ཚེ་རིང་འགྱུར་མེད་དང་། པདྨ་རང་གྲོལ་གཉིས་ཡིན་པར་བདུན་ཕྲག་ཁས་ཤས་གོང་བལ་ཡུལ་ལ་ས་ཐོག་བརྒྱུད་གནས་སྐོར་གཉེན་འཕྲད་དུ་ཡོང་བ་ཡིན་འདུག
རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་དུས་རྒྱུན་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་བཀག་འགོག་དང་དམ་དྲག་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།