ཨོ་སེ་ཊེ་ལིཡ་ཉེན་རྟོག་པས་་མི་གཉིས་འཛིན་བཟུང་བྱས་ཡོད་པ།

ཨོ་སེ་ཊེ་ལིཡ་ནང་དཔལ་འབར་ལ་ངོ་རྒོལ་གནང་མཁན་མི་གཉིས་འཛིིན་བཟུང་བྱས་འདུག

2008.04.23

༄༅༎ཨོ་སེ་ཊེ་ལིཡ་ནང་ཨོ་ལིམ་པིཀ་ཡི་དཔལ་འབར་བསྐོར་བསྐྱོད་ལ་ངོ་རྒོལ་མཚོན་ཆེད་ཟམ་པའི་སྟེང་ཕྲེད་དར་འཕྱར་རྒྱུའི་འཆར་གཞི་བྱས་པར་བརྟེན་ལས་འགུལ་བ་གཉིས་འཛིན་བཟུང་བྱས་འདུག

སང་ཉིན་ཨོ་སི་ཊེལིཡ་ཡི་ནང་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་ཀྱི་ཡོད་པའི་སྔ་ནུབ་ཏུ་རེས་གཟའ་ལྷག་པའི་ཉིན་བོད་དོན་ལས་འགུལ་བ་ཕོ་མོ་གཉིས་ནས་ཧར་བར་ཟམ་པའི་སྟེང་ཕྲེད་དར་འཕྱར་རྒྱུའི་འཆར་གཞི་བྱས་པའི་སྐབས་འཛིན་བཟུང་བྱས་ཡོད་ལུགས་ཉེན་རྟོག་པས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག འོན་ཀྱང་ལས་འགུལ་བ་དེ་དག་སུ་ཡིན་མིན་དམིགས་བསལ་གསལ་ཁ་བཏོན་མེད་པ་རེད། ཡང་ཁ་ས་མཚན་་མོ་བོད་ནང་དཔལ་འབར་འཁྱེར་མི་ཆོག བོད་ནང་ཞི་བདེ་དགོས་ཞེས་བརྗོད་ཚིག་འཁོད་པའི་ལེ་སར་གྱི་ཐོག་ནས་

གློག་གི་འོད་མདངས་ཅན་ཟམ་པའི་ཐོག་སྤར་བ་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག་ལ་ཨོ་སེཊེལིཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་མགྲིན་ཚབ་པས། བོད་ནང་དཔལ་འབར་འཁྱེར་རྒྱུའི་འཆར་གཞི་དེ་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ལ་བདག་དབང་ཡོད་པའི་རྣམ་པ་

བཏོན་རྒྱུའི་ཆེད་དམིགས་པ་ཞིག་ཡིན་སྟབས། དེར་ངོ་རྒོལ་མཚོན་ཆེད་ལས་འགུལ་སྤེལ་བ་ཞིག་ཡིན་པ་ལས་

རྩེད་འགྲན་ལ་ངོ་རྒོལ་བྱེད་པ་ཞིག་མ་རེད་ཅེས་འགྲེལ་བརྗོད་གནང་འདུག ཨོ་སི་ཊེལིཡ་ནང་དཔལ་འབར་

བསྐོར་བསྐྱོད་བྱེད་པའི་སྐབས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་དང་། དཔལ་འབར་ལ་དགའ་བསུ་ཞུ་མཁན་

རྒྱ་རིགས་ཚོའི་བར་འཁོན་འཁྲུགས་ཡོང་གཞི་དང་། ལྷག་པར་དུ་དཔལ་འབར་བསྐོར་བསྐྱོད་བྱེད་མཁན་ཚོའི་སྲུང་སྐྱོབ་ལ་ཉེན་ཁ་མི་ཡོང་བའི་ཆེད་ཉེན་རྟོག་པུ་ལིས྄་ཁྲི་ཚོ་མང་པོ་བཀོད་བསྒྲིགས་བྱེད་བཞིན་ཡོད་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎