དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་འཕོ་འགྱུར།

2019-06-17
གློག་འཕྲིན།
མཆན།
Share
པར་བཀོད།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་བདམས་རྒྱུན་ལས། ༢༠༡༩།༦།༡༦
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་བདམས་རྒྱུན་ལས། ༢༠༡༩།༦།༡༦
RFA

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧་པ་མཇུག་སྒྲིལ་ཡོད་པ་དང་དབུས་རྒྱུན་ལས་མི་གྲངས་བདུན་གསར་འདེམས་བྱས་འདུག
འདི་ཚེས་༡༦་ཉིན་འདས་པའི་ཉིན་དྲུག་རིང་ཚོགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༧་པ་མཇུག་སྒྲིལ་ཡོད་པ་དང་། ཉིན་མཐའ་མར་ཚོགས་ཞུགས་པ་རྣམས་ཀྱིས་འོས་ཤོག་འཕངས་བ་བརྒྱུད་དབུས་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་དམིགས་བཅོ་བརྒྱད་ཡོད་པའི་ཁོངས་ནས། རྒྱུན་ལས་བདུན་འདེམས་ཐོན་བྱུང་ཡོད་པ་དང་། དེ་ནས་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་བཅས་ཀྱི་འོས་མི་བཏོན་ཏེ་ཚོགས་ཁོངས་ནས་འོས་འདེམས་ཀྱིས་ལྡི་ལི་རོ་ཧི་ནི་གཞོན་ནུའི་མགོན་པོ་དོན་འགྲུབ་ལགས་ཚོགས་གཙོ་དང་། སྦན་རྡ་ར་བློ་བཟང་ཚེ་རིང་ཚོགས་གཞོན། ལྡི་ལི་རོ་ཧི་ནི་བསོད་ནམས་ཚེ་རིང་ལགས་དྲུང་ཆེ་བཅས་སུ་འོས་འདེབས་བྱུང་ཡོད་པ་དང་། སྐབས་དེར་འདེམས་ཐོན་ཚོགས་གཙོ་ནས་རྒྱུན་ལས་ཐུན་མོང་གིས་ནུས་པ་མཉམ་སྤུངས་གྱིས་ལས་དོན་ཞབས་ཞུ་སྒྲུབ་རྒྱུ་ཡིན་པ་གསུངས་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གྲོས་ཆོད་ཁག་ཉི་ཤུ་རྩ་ལྔ་ཙམ་བཞག་པའི་ཁོངས་ནས་ཆབ་སྲིད་ཀྱི་ལས་འགུལ་ཚད་མཐོ་རུ་གཏོང་རྒྱུའི་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་ཐབས་སྐོར་རྒྱུན་ལས་གསར་པ་ཚོར་བཀོད་མངགས་ཞུ་གྱི་ཡིན་ཅེས་བརྗོད་སོང་།
སྤྱི་ལོ་༢༠༢༠་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་༥༠འཁོར་གྱི་ཡོད་སྟབས་དུས་སྟོན་སྲུང་བརྩི་ཞུ་ཕྱོགས་ཐད་ལ་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།
དེ་སྔོན་ཡིན་ན་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་བཅུ་འདེམས་ཀྱི་ཡོད་ཀྱང་ཐེངས་འདིའི་ཚོགས་ཆེན་ཐོག་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། དབུས་རྒྱུན་བདུན་ལས་མི་དགོས་པ་གཏན་འབེབས་བྱས་ཡོད་པ་རེད། གོང་ཞུས་ཚོགས་གཙོ། ཚོགས་གཞོན། དྲུང་ཆེ་ཕུད་པས་རྒྱུན་ལས་གཞན་རྣམས་ནི། བལ་ཡུལ་ཀཱ་ཐི་མཎ་ཀྲོའུ་ནས་ཡེ་ཤེས་ཆོས་འཕེལ། བྷིར་ནས་ཚེ་དབང་རབ་རྒྱས། བསྟན་འཛིན་ལྷ་མོ། སྤེན་པ་ཚེ་རིང་བཅས་ཡིན་འདུག
གསར་འདེམས་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ལ་དྭགས་བོད་ཁྱིམ་ནས་འཛིན་གྲྭ་བཅུ་པ་ཐོན་རྗེས་སྒོ་པལ་སྤུར་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན་ཏེ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རམ་བྱམས་དང་། དེ་ནས་ཨོ་སྤི་ཇིན་ཊལ་ནས་གཙུག་ལག་རམ་འབྱམས་ཀྱི་བསླབ་པ་མཐར་སོན་གནང་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།