ནེའུ་ཡོག་གཞོན་ནུས་ཛ་དྲག་གིས་མི་དམངས་བསྡུ་སྐོང་གནང་བ།

2015-12-28
གློག་འཕྲིན།
མཆན།
Share
པར་བཀོད།
ནེའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་གྱིས་གཏམ་བཤད་གནང་བཞིན་པ། ༢༠༡༥།༡༢།༢༦
ནེའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་གྱིས་གཏམ་བཤད་གནང་བཞིན་པ། ༢༠༡༥།༡༢།༢༦
དྲ་བཤུས།

དེ་ཡང་ཉེ་ལམ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་སྐབས་སྒོ་རྒྱབ་པ་ཡིན་པའི་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱན་ལས་རྣམ་པས། སྤྱི་ཟླ་༡༢ཚེས༢༦རེས་གཟའ་སྤེན་པའི་ཉིན། སྤྱི་ཁང་ཕུན་ཚོགས་སྡེ་བཞིར་དམིཊ་བསལ་ཛ་དྲག་གིས་ས་གནས་མི་མང་བསྡུ་སྐོང་བྱས་ནས་ཚོཊ་འདུ་ཞིག་སྐོང་གནང་གིས། གཏམ་བཤད་རིམ་པ་སྤེལ་བའི་རྗེས་རྒྱན་ལས་རྣམ་པ་ཚོས་ད་ལྟའི་རྒྱུན་ལས་འཕོ་འགྱུར་དགོས་མིན་སྐབས་དེའི་ཚོགས་ཞུགས་མི་མང་གིས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་ཚུལ་བཤད་ནས་འོས་བླུགས་ཡོད་པ་རེད། སྐབས་དེར་ཚོཊ་བཅར་བ་མི་གྲངས་སུམ་བརྒྱ་ལྷག་ཡོད་པ་ནས་མང་ཆེ་བས་ས་གནས་གཞོན་ནུའི་རྒྱུན་ལས་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། ཁག་ཅིག་གིས་ད་ལྟའི་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་མུ་མཐུད་གནས་རྒྱུར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་འདུག་ལ་རྒྱུན་ལས་རྣམ་པས་མི་མང་གི་འོས་ལྟར་ས་གནས་གཞོན་ནུའི་འགན་འཁུར་མཇུག་སྐྱོང་གནང་རྒྱུ་ཡིན་པ་བཤད་འདུག
འདི་ག་རླུང་འཕྲིན་ཁང་གིས་ས་གནས་གཞོན་ནུའི་དྲུང་ཆེ་འཇམ་དཔལ་བསྟན་འཛིན་ལགས་སུ། ནེའི་ཡོག་ལ་ས་གནས་གཞོན་ནུ་གཞན་དང་མ་འདྲ་བར་གཞོན་ནུའི་རྒྱུན་ལས་འོས་འདེམས་སྐབས་སུ། གཞོན་ནུའི་ཚོགས་མི་ཙམ་མ་ཡིན་པར་མི་མང་ཚང་མས་འོས་འཕེན་གནང་སྲོལ་ཡོད་པའི་སྐོར་ལ་འདྲི་སྐབས། ཁོང་གིས་དངོས་ཡོད་གནས་ཚུལ་ལ། ནེའུ་ཡོག་ས་གནས་གཞོན་ནུ་དང་པོ་ཚུགས་དུས་ནས་ད་བར། རྒྱུན་ལས་རྣམ་པ་ས་གནས་དམངས་ཚོགས་ཀྱིས་འདེམས་པ་ལས་གཞོན་ནུའི་ཚོགས་མིའི་འདེམས་པ་ནེའུ་ཡོག་གཞོན་ནུའི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད། སྔོན་མ་ང་ཚོའི་རྒྱུན་ལས་འོས་བསྡུ་སྐབས་མི་གྲངས་ལྔ་བཅུ་དྲུག་བཅུ་མང་ན་༧༠ཙམ་ལས་འཛོམས་ཀྱི་མེད་ཀྱང་། ཉེ་བའི་སྤྱི་ཟླ༤བར་ང་ཚོའི་རྒྱུན་ལས་འོས་འདེམས་སྐབས་མི་གྲངས་༡༥༠༠་ལྷག་འཛོམས་ཡོད་པ་བརྗོད་བྱུང་།
ད་ལྟ་བར་ཡོངས་གྲགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་དང་། དབུས་རྒྱུན་ལས་འོས་འདེམས་སྐབས་སུ་འོས་འཕེན་པ་ཚང་མ་གཞོན་ནུའི་ཚོགས་མི་ཡིན་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིར་འཁོད་ཡོད་འདུག
ཉེ་ལམ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལཊ་དང་། དྲུང་ཆེ་བཀྲིས་ལམ་བཟང་ལཊ་གཙོས་པའི་དབུས་རྒྱུན་ལྔ་ཨ་རིའི་ནེའུ་ཡོག་ལ་ཆེད་ཕེབས་ཀྱིས། བར་འདུམ་མི་སྣ་གདན་ཞུ་ཞུས་བ་དང་མཉམ་ས་གནས་གཞོན་ནུ་དང་དབུས་རྒྱུན་དབར་དེ་སྔའི་རྩོད་རྙོག་གི་དཀའ་ངལ་སེལ་ཐབས་གནང་རྗེས་དོན་འབྲས་མ་སོན་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པའི་གྲོས་གཞི་དོན་ཚན་གྱི་དགོངས་དོན་ལྟར་ནེའུ་ཡོག་དང་ནེའུ་ཇེར་སེ་ས་གནས་གཞོན་ནུ་ལྷན་ཚོགས་གནས་སྐབས་རིང་སྒོ་རྒྱབ་པ་ཡིན་པའི་གསལ་བསྒྲཊ་ཞིག་འདི་ཟླའི་ཚེས་༡༦ཉིན་ཡོངས་ཁྱབ་སྤེལ་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (1)
Share

WHY

ནས། NEW York

འདིའི་ཉིན་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་མི་མྱུང་བ་ཞིག་འཛོམས་ནས་ལས་རིམ་གཉིས་ལས་མེད་པ་ཞིག་གི་ཚོགས་བསྡུ་འདུག།།།

༡ ངག་དབང་དཔལ་ལྡན་གྱི་གཏམ་བཤད།
༢ འོས་འཕང་རྒྱུ།།

འོན་རྐྱང་གཏམ་བཤད་ཚར་རྗེས་ས་གནས་མི་བཅུ་གཅིག་ནས་མི་མང་ལ་དྲི་བ་དྲི་ལན་གྱི་གོ་སྐབས་མི་སྐྲུན་པར་ཁོ་རང་ཚོས་བཤད་པ་དེ་གཞི་བཅོལ་ནས་འོས་འཕང་དུ་བཅུགས་འདོད་བྱས་མོས་ཀྱང་དེའི་སྐབས་མགོ་མི་ཚོལ་བའི་རང་བཙན་འདོད་མཁན་གསུམ་གྱི་ཚོགས་བསྡུར་དོན་ལྡན་དྲི་ལན་གྱི་ལས་རིམ་འབྱུང་རྒྱུར་མི་འབད་པར་དོན་མེད་གཏམ་བཤད་བྱེད་འབྲས་ལས་མི་མང་ལ་གསལ་བཤད་ཡག་པོ་བྱེད་མི་མེད་པར་སོང་།
ས་གནས་ནས་གང་བཤད་སེམས་ཚོར་དང་མཉམ་དུ་འགྲོ་བ་མ་ཏོག་མི་མང་ལ་དྲི་བ་དྲི་ལན་གྱིས་འགོ་ནས་འོས་དེ་འཕངས་པའི་དབང་ཆ་ཡོད་མེད་གསལ་པོ་ཤེས་ཀྱིན་མེད། དེ་མི་ཤེས་བཞིན་དུ་འོས་འཕངས་པར་འབྱུང་འབྲས་ཅི་ཡིན་མི་ཤེས། གང་ཡིན་ཟེར་ན་ཤོག་ལྷེབ་དཀར་པོའི་སྟེང་ས་རྟགས་སྐྱོན་ན་མི་སྒྲིགས་པ་ཚང་མས་ཤེས་ཀྱིན་ཡོད།།
ངས་ཤེས་ཚོད་ལྟར་ན་གནས་དབྱུངས་དེ་གཞོན་ནུའི་སྒྲིགས་ཁྲིམས་ཐོག་ནས་གནང་བ་ཡིན་པས་ཚོགས་པ་སྐྱི་སྡུག་ཁག་གིས་འཐད་བྱུད་བྱེད་མི་ཆོག་པ་རེད།། འོན་ཀྱང་སྒྲིག་གཞི་མི་ཤེས་པ་ཡིན་ནམ་ཤེས་བཞིན་དུ་ས་གནས་སྤྱི་མཐུན་ཚོགས་པ། བུད་མེད་ཚོགས་པ། ཆུ་བཞི་སྒང་དྲུག་དང་། རྒྱབ་སྐྱོར་གྱིས་འོས་འཕངས་མི་ཚང་མས་རྡ་སར་ཡོད་པའི་དབུས་བོད་ཀྱི་གཞིན་ནུ་ལྷན་ཚོགས་ལ་མཐོང་ཆུང་གནང་སོང།། །།
དེ་ནས་ཅིའི་ཕྱིར་གནས་དབྱུངས་གཏོང་བ་སོགས་ཀྱི་སྐོར་འགྲེལ་བཤད་མེད་ཐོག་དབུས་རྒྱུན་འདི་གར་ཕེབས་པར་སྐྱོན་བརྗོད་སྣ་མང་དང་འབྲེལ་ རྒྱབ་སྐྱོར་ཡོད་ན་ང་མཚོར་འོས་འཕངས་ཤོག་བཅས་གསུངས་སོང་། སོ་སོའི་ལས་ཀ་བྱེད་པའི་ཆ་ལ་ནོར་འཁྲུལ་མེད་ན་ཅི་ཕྱིར་འབྲེལ་བཤད་ཆ་ཚང་བརྒྱབ་ནས་དྲི་བ་དྲི་ལན་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
ཚོགས་བསྡུ་འདི་འབྲེལ་མེད་དོན་གཞན་ཞིག་བྱུང་སོང་བསམ་ནས་བསྡད་པ་ལས་རང་གི་མིག་མདུན་དུ་དོན་དངོས་དང་མི་མཐུན་པའི་ལས་ལ་དཔུང་སྒྲིགས་བྱེད་ཀྱིན་ཡོད་ཀྱང་རྨོང་རྒྱུགས་ནིའུ་ཡོག་ནིའུ་འཇར་སི་མི་མང་དེ་ཚོར་གནས་དོན་རྩོད་གཞིར་ར་འཁྲོད་བྱེད་པའི་དུས་ཚོད་གནང་མ་སོང་བཅས་སེམས་མཚོར་ཆེན་པོས་ངང་ནས་ཞུ་རྒྱུ་ཡིན།།།།

དབུས་ཀྱི་གཞོན་ནུ་ཕེབས་དགོས་དོན་ནི་ དེ་སྔོན་སྤྱོ་ལོ་༢༠༡༥ ཟླ་བ་ ༧ ཚེས ༢༡ ལ་ ས་གནས་ནིའུ་ཡོག་ནིའུ་ཇར་སི་གཞོན་ནུ་རྒྱུན་ལས་བཅུའི་ལྟ་བ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་གཤར་སྐྱོད་ཞུ་རྒྱུ་མ་ཟད་རྒྱབ་འགལ་རིགས་ནམ་ཡང་བྱ་རྒྱུ་མིན་ཞེས་སོགས་འཁོད་པའི་ཡིག་གེའི་དོན་གནས་ཐོག་ཡིན་པ་འགོ་ཐོས་བྱུང་།།

དེའི་ཐོག་ཕེབས་ཡོད་མེད་མཁྱེན་འདོད་ཡོད་ན། འཇིགས་མེད་ལགས་སུ་བཀའ་དྲི་ཞུས་ན་ཞལ་པར་ཨང་གྲངས་ 917 214 3096 དང་དྲུང་ཆེ་ ལམ་བཟང་ལགས་ 347 593 9188 རེད་འདུག།། །།

Dec 31, 2015 02:27 PM

དྲ་གནས་ཆ་ཚང༌།