དབྱིན་ཇིའི་གྲོས་ཚོགས་འཐུས་མི་ནས་རྒྱ་གཞུང་ལ་སྐྱོན་བརྗོད།

བོད་མི་ཁག་ཅིག་ཉེ་ལམ་རྒྱ་གཞུང་གིས་སྲོག་ཐོག་བཏང་བ་དེར་སྐྱོན་བརྗོད་ཆེད་དབྱིན་ཇིའི་གྲོས་ཚོགས་ནང་གྲོས་གཞིའི་གྲོས་འཆར་བཏོན་འདུག
2009-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་མི་ཁག་ཅིག་ཉེ་ལམ་རྒྱ་ནག་གཞུང་གིས་སྲོག་ཐོག་བཏང་བ་དེར་སྐྱོན་བརྗོད་ཆེད་འདི་ཚེས་སུམ་ཅུ་ཉིན་དབྱིན་ཇིའི་གྲོས་ཚོགས་ནང་གྲོས་གཞིའི་གྲོས་འཆར་ཞིག་བཏོན་ཡོད་འདུག དེ་ཡང་དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧེ་རི་ཁོ་ཧེན་ལགས་ཀྱིས་བཏོན་པའི་གྲོས་འཆར་དེའི་ནང་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་སྲོག་ཐོག་ཏུ་བཏང་བའི་དོན་རྐྱེན་དེར་བློ་ཕམ་ཆེན་པོ་གནང་བ་དང་སྦྲགས་སྲོག་ཐོག་གི་ཁྲིམས་གཅོད་དེ་དྲང་བདེན་དང་ཁྲིམས་མཐུན་ཞིག་བྱུང་མེད་པའི་བློ་དྭོགས་ཡོད་པའི་སྐོར་གསུངས་བ་མ་ཟད་ཡང་འདི་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གཞུང་གིས་བོད་མི་བསྟན་འཛིན་ཕུན་ཚོགས་དང་རྐང་ཚུགས། སྤེན་སྐྱིད་བཅས་པར་ལོ་གཉིས་དུས་འགྱངས་ཀྱིས་ཉེས་པ་སྲོག་ཐོག་གཏང་རྒྱུའི་གསལ་བསྒྲགས་བྱས་ཡོད་པར་བོད་མི་དེ་དག་གི་གནས་སྟངས་ཇི་ཆགས་སྐོར་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གཞུང་ལ་དྲི་རྩད་གནང་དགོས་སྐོར་དང་ཡང་གནས་ཚུལ་འབྱུང་ཁུངས་ཁག་ཅིག་ནང་འདི་ཚེས་ཉི་ཤུའི་ཉིན་བོད་མི་བཞི་སྲོག་ཐོག་བཏང་ཡོད་སྐོར་གསལ་ཡོད་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་བྱས་པའི་ནང་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་མ་གཏོགས་ཚུད་མེད་པར་བརྟེན་གནས་ཚུལ་ནང་གསལ་བའི་བོད་མི་གཞན་གཉིས་ཀྱི་སྐོར་གསལ་བཤད་ཡོང་སླད་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་ལ་འབྲེལ་གཏུགས་གནང་དགོས་སྐོར་གྲོས་འཆར་དེའི་ནང་འཁོད་ཡོད་འདུག་པ་དང་དེ་ནས་སྐུ་ཞབས་ཧེ་རི་ཁོ་ཧེན་གྱིས་བཏོན་པའི་གྲོས་འཆར་དེར་རྒྱབ་སྐྱོར་སོན་ཐབས་སུ་དེང་སྐབས་དབྱིན་ཇིའི་གྲོས་ཚོགས་འཐུས་མི་གཞན་ཚོར་འབོད་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་འགྲེལ་བརྗོད་བྱས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།