མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་འབར་མར་ཆེད་ཕེབས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མཆོག་འབར་མའི་ནང་ཕེབས་རྒྱུ་ཡིན་འདུག

2009-06-25
Share

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་མཆོག་འབར་མའི་ནང་ཕེབས་རྒྱུ་ཡིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་འགྲེལ་བརྗོད་གནང་བར་ལྟར་ན་འབར་མའི་དཀའ་རྙོག་ཐོག་དམིགས་བསལ་གཟིགས་རྟོག་གནང་མཁན་སྐུ་ཚབ་སྐུ་ཞབས་ཨིབ་ར་ཧིམ་གམ་བ་རི་མཆོག་སང་ཉིན་རེས་གཟའ་པ་སངས་ཉིན་འབར་མའི་ནང་ཕེབས་འབྱོར་གྱིས་ཡུལ་དེའི་དྲག་པོའི་སྲིད་གཞུང་གི་དཔོན་རིགས་རྣམས་དང་བཟང་བཙོན་དུ་ཡོད་པའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་མཇལ་འཕྲད་གནང་འཆར་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་མང་གཙོ་ཚོགས་པའི་ལྕམ་ཨང་སན་སུ་ཅིས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་སུ་དྲག་པོའི་གཞུང་དང་བཀའ་མོལ་གནང་ནས་ཡུལ་ནང་སླར་ཡང་མང་གཙོའི་ལམ་ལུགས་ལྡན་པའི་གཞུང་ཞིག་འཛུགས་ཐབས་གནང་བཞིན་ཡོད་པ་རེད། འོན་ཀྱང་ད་བར་གྲོས་མོལ་རིམ་པ་གནང་ཡང་དམིགས་བསལ་དོན་འབྲས་སོན་པ་ཡོང་གི་མེད་པའི་ཁར་ཉེ་ཆར་ཁོང་གི་བཟང་བཙོན་གྱི་དུས་ཡུན་རིང་དུ་བཏང་ཡོད་པ་རེད། འབར་མའི་ནང་དེ་སྔ་ཕྱི་ལོ་༡༩༩༠འི་འགོ་སྟོད་དུ་འོས་བསྡུའི་ལམ་ནས་མང་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་དྲག་པོའི་སྲིད་གཞུང་ནས་དེར་ངོས་ལེན་མ་བྱས་པའི་ཁར་ཉེ་བའི་ཆར་ཞི་བའི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དྲག་གནོན་བྱས་ནས་འཛམ་གླིང་ཡུལ་གྲུ་གང་ནས་དྲག་པོའི་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།