ཨབ་ག་ནི་སི་ཐན་གྱི་གནས་སྟངས་སྐོར་བཀའ་བསྡུར་གནང་རྒྱུ།

ཨ་རི་དང་ཡུ་རོབ་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོས་ཨབ་ག་ནི་སི་ཐན་གྱི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

2009.09.01

༄༅༎ཨབ་ག་ནི་སི་ཐན་གྱི་འོས་བསྡུའི་གནས་སྟངས་དང་དེ་བཞིན་ཡུལ་དེའི་ནང་ཡོད་པའི་ཨ་རིའི་དམག་དཔོན་གྱིས་ཨབ་ག་ནི་སི་ཐན་གྱི་དམག་འཐབ་ཀྱི་ཐབས་བྱུས་འགྱུར་ལྡོག་གཏོང་རྒྱུའི་བཀའ་མོལ་གནང་བའི་རྗེས་གཟའ་ལྷག་པའི་ཉིན་ཨ་རི་དང་དབྱིན་ཡུལ།ཕེ་རན་སི།འཇར་མ་ནི།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་སྐུ་ཚབ་པེ་རི་སི་ནང་ལྷན་འཛོམས་ཀྱིས་གོང་ཞུས་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།

ད་རེས་ལྷན་འཛོམས་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་ཨབ་ག་ནི་སི་ཐན་གྱི་སྲིད་གཞུང་གསར་པར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་རྒྱུ་ཡིན་ཞིང་ཨབ་ག་ནི་སི་ཐན་གྱི་འོས་བསྡུའི་ད་ལྟའི་མཇུག་འབྲས་སུ་ལས་ཐོག་སྲིད་འཛིན་ཧ་མིརྡ་ཀར་ཛའེ་ལ་འོས་ཤོག་གི་གྲངས་འབོར་མང་ཤོས་ཐོབ་ཡོད་པ་དང་ཕྱོགས་མཚུངས་ཨ་རི་གཞུང་གིས་ཨབ་ག་ནི་སི་ཐན་ནང་དམག་དཔུང་ཁ་སྣོན་གཏོང་རྒྱུའི་བསམ་ཞིབ་གནང་གི་ཡོད་པའི་ཐོག་ད་རེས་ཨབ་ག་ནི་སི་ཐན་ནང་ཡོད་པའི་ཨ་རིའི་དམག་དཔུང་གི་ཆེས་མཐོའི་དཔོན་རིགས་ནས་ཨབ་ག་ནི་སི་ཐན་ནང་ད་ལྟའི་ཆར་ལས་འགན་གལ་འགངས་ཆེ་ཤོས་དེ་ནི་ཡུལ་དེའི་མི་མང་ཚོ་ཊ་ལི་སྦན་དྲག་སྤྱོད་པའི་གཏོར་རྒོལ་ལས་སྐྱོབ་ཐབས་དེ་ཆགས་ཀྱི་ཡོད་པ་དང་ད་ལྟའི་ཨབ་ག་ནི་སི་ཐན་གྱི་གནས་སྟངས་དེ་རྙོག་ཟིང་ཅན་ཞིག་ཡོད་ན་ཡང་གལ་སྲིད་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་དམག་བྱུས་གཏིང་ཟབ་ཅིག་གཏིང་པ་ཡིན་ཚེ་ཊ་ལི་སྦན་དྲག་སྤྱོད་ཤོག་ཁག་རྩ་གཏོར་གཏོང་ཐུབ་རྒྱུ་ཡིན་པའི་དམག་འཐབ་སྙན་ཞུ་ཞིག་བྱང་ཨེཏ་ལེན་ཊིཀ་དམག་དོན་ཆིངས་ཡིག་སྒྲིག་འཛུགས་ལ་ཕུལ་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎