ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན།

ཨ་མི་རི་ཀས་ལྦིཏི་ནམ་དང་ལའོསེ་དང་ཁེམ་སྦོ་ཌི་ཡ་ཡུལ་གྲུ་གསུམ་གྱི་ལྷན་དུ་དམག་དོན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་བཞིན་ཡོད་འདུག

2008.07.15

༄༅༎དེང་སྐབས་རྒྱ་ནག་གི་ཕྱོགས་ནས་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་རྒྱ་ནག་རང་ཉིད་ཀྱི་གནོན་ཤུགས་དང་ཤུགས་རྐྱེན་འཕེལ་ཐབས་འབད་བརྩོན་བྱེད་པའི་དུས་སྐབས་དེར་ཨ་མི་རི་ཀས་ལྦིཏི་ནམ་དང་ལའོསེ་ ཁེམ་སྦོ་ཌི་ཡ་ཡུལ་གྲུ་གསུམ་གྱི་ལྷན་དུ་དམག་དོན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་བཞིན་པ་དེ་ནི་ཨ་རིའི་ཕྱོགས་ནས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་བར་གྱི་འབྲེལ་ལམ་གཏིང་གཟབ་ཏུ་གཏོང་ཐབས་བྱེད་པའི་ལས་དོན་ཁག་ནང་གི་ཐབས་ཇུས་ཤིག་ཡིན་པ་རེད།

ཨ་མི་རི་ཀ་དང་ལའོསེ་གཉིས་པོས་གསུང་ན། རྒྱལ་ཁབ་སོ་སོའི་གཞུང་ཚབ་ལས་ཁང་ནས་དམག་དོན་དང་འབྲེལ་བའི་འབྲེལ་མཐུད་པ་རེ་རེ་ལས་བྱེད་པ་ཕན་ཚུན་གཏོང་རེས་བྱ་རྒྱུའི་ལས་དོན་གྱི་འཆར་གཞི་དེ་ནི་འདི་ལོའི་ལོ་མཇུག་ཏུ་གནང་རྒྱུ་ཡིན་པ་གསུང་པ་དང་དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་གཞོན་པ་སྐུ་ཞབས་ སི་ཀོཏ་མར་སེལ་ ནས་ཀྱང་གཟའ་འཁོར་སྔོན་མར་ཚོགས་པའི་ལྦ་ཤིང་ཀྲོན་གླེང་སྟེགས་ཞེས་པའི་ལྷན་འཛོམས་ཐོག་ལ་ལྦིཏི་ནམ་དང་ལའོསེ་ ཁེམ་སྦོ་ཌི་ཡ་བཅས་གཅིག་གྱུར་གྱིས་དམག་དོན་གྱི་འབྲེལ་ལམ་འགོ་འཛུགས་གནང་བཞིན་ཡོད་པ་དང་ཐོག་མར་ང་ཚོའི་བར་ལ་དམག་དོན་སྦྱོང་བརྡར་ཁག་ཅིག་སྤྲོད་རྒྱུ་མཚོན་པའི་གཞུང་ཚབ་ལས་ཁང་ནང་འབྲེལ་མཐུད་འགན་འཛིན་རེ་གཏོང་རེས་བྱ་རྒྱུ་ཡིན་ཞེས་དང་། འདི་ལོའི་ལོ་མཇུག་ཏུ་ཨ་མི་རི་ཀ་དང་ལའོསེ་ཡུལ་གྲུ་གཉིས་བར་གྱི་སྲུང་སྐྱོབ་ཀྱི་ལས་བྱེད་བརྗེ་ལེན་བྱ་རྒྱུའི་ལས་གཞི་འགོ་བཙུགས་གནང་རྒྱུ་དང་ ལས་དོན་གྱི་འཆར་གཞི་དེ་ནི་འཕལ་རིམ་ཆེན་པོ་ཞིག་དང་གལ་འགངས་ཆེ་བའི་འཕེལ་རིམ་ཞིག་ཡིན་པའི་སྐོར་གསུང་ཡོད་པ་རེད། ཡིན་ནའང་ཨ་མི་རི་ཀའི་དཔོན་རིགས་ནས་ཨ་རི་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྦིཏི་ནམ་དང་ལའོསེ་ ཁེམ་སྦོ་ཌི་ཡ་ལྷན་དུ་དམག་དོན་གྱི་འབྲེལ་ལམ་ཡར་རྒྱས་བཏང་སྟེ་རྒྱ་ནག་གི་ཤུགས་རྐྱེན་ལྷོ་ཤར་ཨེ་ཤི་ཡའི་ནང་ཤུགས་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཀྱི་ཆེད་དུ་དམིགས་པའི་ཐབས་ཇུས་ཤིག་མིན་པ་དང་ཨ་རིའི་ངོས་ནས་རྒྱལ་ཁབ་དེ་གསུམ་དང་དམག་དོན་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་པའི་ལས་དོན་དེ་ནི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་བའི་ལས་དོན་གྱི་གྲུབ་ཆ་ཞིག་ཡིན་པའི་རྒྱུ་མཚན་འགྲེལ་བརྗོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎