ཐའེ་ལྦན་དང་རྒྱ་ནག་གི་ཚོང་འབྲེལ་གྲོས་མཐུན་ལ་བསྔགས་བརྗོད།

ཐའེ་ལྦན་དང་རྒྱ་ནག་དབར་ཚོང་འབྲེལ་གྲོས་མཐུན་བཞག་པ་དེར་ཐའེ་ལྦན་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ནས་བསྔགས་བརྗོད།

2010.11.30

༄༅༎ཐའེ་ལྦན་དང་རྒྱ་ནག་དབར་ད་ལོའི་ལོ་སྟོད་མཚམས་སུ་ཚོང་དང་འགྲིམ་འགྲུལ་སོགས་དཔལ་འབྱོར་གྱི་གནད་དོན་གང་ཅིའི་ཐད་གུ་བཤང་ཅན་གྱི་གྲོས་མཐུན་བཞག་པ་དེར་ཐའེ་ལྦན་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་ཚབ་མཚོན་པ་སྐུ་ཞབས་རེ་མེན་སྦག་ཧཏ་མཆོག་གིས་ ཚད་མཐོའི་བསྔགས་བརྗོད་གནང་ཐོག་རྒྱ་ནག་དང་ཐའེ་ལྦན་དབར་གྱི་དཔལ་འབྱོར་གྱི་འབྲེལ་བ་དེ་ཡིས་ཨེ་ཤེ་ཡའི་མངའ་ཁུལ་དེའི་ནང་ཞི་བདེ་དང་བདེ་འཇགས་བསྐྲུན་རྒྱུར་ལེགས་སྐྱེད་ཆེན་པོ་འཇོག་གི་རེད་ཅེས་ཐའེ་ལྦན་གྱི་རྒྱལ་སའི་ནང་ཨ་མི་རི་ཀའི་ཁེ་ལས་ཚོང་ཚོགས་ཁང་ལ་དེ་རིང་ གསུངས་ཡོད་པ་རེད་ ཁོང་གིས་མུ་མཐུད་དེ་ཐའེ་ལྦན་དང་རྒྱ་ནག་དབར་ཚོང་དང་འགྲིམ་འགྲུལ་སོགས་དཔལ་འབྱོར་གྱི་གནད་དོན་གང་ཅིའི་ཐད་ཕན་ཚུན་དབར་གུ་བཤང་ཅན་གྱི་གྲོས་མཐུན་དེ་འདྲ་ཞིག་འཇོག་ཐུབ་པ་བྱུང་བ་དེར་ང་ཚོས་དགའ་བསུ་ཞུ་ཡི་ཡོད་ལ་ དཔལ་འབྱོར་གྱི་གྲོས་མཐུན་དེའི་བརྒྱུད་རྒྱ་ནག་གི་མི་མང་དང་ཐའེ་ལྦན་གྱི་མི་མང་དབར་འབྲེལ་བ་དམ་གཟབ་རང་བཞིན་ངང་ཡོང་གི་རེད་ཅེས་ཀྱང་རེ་བ་བཏོན་གནང་ཡོད་པ་རེད་ ཐའེ་ལྦན་དང་རྒྱ་ནག་དབར་ད་ལོའི་ལོ་སྟོད་མཚམས་སུ་ཚོང་དང་འགྲིམ་འགྲུལ་སོགས་དཔལ་འབྱོར་གྱི་གནད་དོན་གང་ཅིའི་ཐད་གྲོས་མཐུན་བཞག་པའི་ཐད་ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་ཚོགས་པས་ཀྱང་དགའ་བསུ་ཞུས་ཡོད་ཀྱང་ཐའེ་ལྦན་གྱི་རང་བཙན་ཕྱོགས་གཏོགས་དམངས་གཙོ་ཡར་ཐོན་ཚོགས་པས་གྲོས་མཐུན་དེ་ཡིས་ད་ལྟའི་འཆར་རང་དབང་རང་བཙན་ཡིན་པའི་ཐའེ་ལྦན་གྱི་ངོ་བོ་དང་རྣམ་པར་གནོད་འཚེ་གཏོང་གི་རེད་ཅེས་སྐྱོན་བརྗོད་ཞུ་དང་ཞུ་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎