ཨ་རིས་བལ་ཡུལ་གཞུང་ལ་བོད་དོན་དང་འབྲེལ་བའི་ཉེན་བརྡ།

ཨ་རི་གཞུང་གིས་བལ་ཡུལ་ལ་རོགས་དངུལ་རྩ་བ་ནས་སྤྲོད་རྒྱུ་མེད་པ་བཟོ་རྒྱུ་ཡིན་ཞེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མིས་གསལ་བསྒྲགས།

2011.11.05

༄༅༎བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་རྣམས་ཡུལ་དེ་རྒྱུད་ནས་ཡོང་རྒྱུར་བཀག་སྡོམ་བྱས་པ་ཡིན་ཚེ། ཨ་རི་གཞུང་གིས་བལ་ཡུལ་ལ་རོགས་དངུལ་རྩ་བ་ནས་སྤྲོད་རྒྱུ་མེད་པ་བཟོ་རྒྱུ་ཡིན་ཞེས། ཨ་རིའི་གྲོས་ཚོགས་འོག་མའི་སྔོན་རྩིས་ཆ་བསྒོས་ཚོགས་ཆུང་གི་ཚོགས་མི་ཕེརེང་ལྦུཕ་ཡིས། འདི་ཚེས་ ༤ ཉིན་གསལ་བསྒྲགས་གནང་ཡོད་པ་རེད། 
དེ་ཡང་འདི་ཚེས་ ༤ ཉིན་སྐོང་འཚོགས་གནང་བའི་གྲོས་ཚོགས་ཀྱི་ཉན་ཞིབ་ཅིག་གི་ཐོག་དགོངས་ཚུལ་གསུང་སྐབས། རྒྱ་ནག་གི་བཙན་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་རྣམས། བལ་ཡུལ་རྒྱུད་རྒྱ་གར་དུ་བསྐྱོད་དགོས་ཀྱི་ཡོད་ཀྱང༌། འདས་པའི་ལོ་ཤས་ནས་བཟུང་། རྒྱ་ནག་གིས་གནོན་ཤུགས་འོག བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་དུ་ཡོང་མཁན་ཚོར་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། བལ་ཡུལ་ནང་དེ་སྔ་ནས་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཚོའི་འགྲོ་བསྐྱོད་དང་སྨྲ་བརྗོད་རང་དབང་ཐོག་ལའང་བཀག་སྡོམ་ཆེན་པོ་བྱེད་བཞིན་པ་དེ་དག་ནི། ཨ་རི་གཞུང་གིས་རྩ་ཆེར་འཛིན་པའི་བལྟ་བ་དང་ལངས་ཕྱོགས་ཁག་དང་ཡོངས་སུ་རྒྱབ་བརྒལ་འགྲོ་བཞིན་ཡོད་སྟབས། གལ་སྲིད་བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་དུ་ཡོང་མཁན་ཚོའི་ཐོག་དམ་དྲག་བྱ་རྒྱུ་མཚམས་འཇོགས་མ་བྱས་པ་ཡིན་ཚེ།  ཨ་རིའི་ཕྱོགས་ནས་བལ་ཡུལ་ལ་སྤྲོད་སྲོལ་ཡོད་པའི་རོགས་དངུལ་རྣམས་ཉུང་དུ་བཏང་བ་ཙམ་མ་ཡིན་པར། རྩ་བ་ནས་སྤྲོད་མི་ཆོག་པ་བཟོ་གི་ཡིན་ཅེས་གསུགས་འདུག གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། བལ་ཡུལ་གཞུང་གིས་དེང་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒྱལ་ཁབ་དེའི་ནང་དེ་སྔ་ནས་གནས་སྡོད་བྱེད་མཁན་བོད་མི་ཚོར་ཡང་ཆོས་ཕྱོགས་དང༌། དུས་སྟོན་སྲུང་བརྩིའི་བྱེད་སྒོ་སྤེལ་བ་ཙམ་ལ་འཛིན་བཟུང་བཙོན་འཇུག་དང༌། རྒྱུན་དུ་བལྟ་ཞིབ་ནན་པོ་བྱེད་བྱེད་བཞིན་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འོས་འདེམས་བརྒྱུད་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎