རྒྱ་ནག་གིས་སློབ་མ་བདུན་ལ་གསང་བའི་ཐོག་ཁྲིམས་ཞིབ།


2014.11.26
པེ་ཅིན་ལ་བཞུགས་མཁན་ཡུ་གུར་མི་རིགས་དགེ་རྒན་ཆེན་མོ་Ilham Tohtiའཛིན་བཟུང་མ་བྱས་སྔོན་འཛིན་ཁང་དུ།
པར། AFP

ཡུ་གུར་གྱི་སློབ་དཔོན་Ilham Tohitལགས་ཀྱི་སློབ་མ་བདུན་གྱི་ནག་ཉེས་ར་སྤྲོད་བྱུང་བ་ཡིན་ན་ཁྲིམས་ཆད་ཕོག་སྲིད་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་སློབ་དཔོན་གྲགས་ཅན་Ilham Tohit ལགས་ཀྱི་སློབ་མ་བདུན་ལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙུགས་ནས་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཡོད་ལུགས་ཁྲིམས་རྩོད་པས་གསུངས་འདུག གལ་སྲིད་ནག་ཉེས་ར་སྤྲོད་བྱུང་བ་ཡིན་ན་སློབ་ཕྲུག་དེ་དག་ལ་ལོ་བཅོ་ལྔ་བར་གྱི་ལོ་དུས་བཙོན་བཅུག་གི་ཁྲིམས་ཆད་ཕོག་སྲིད་པའི་གནས་ཚུལ་འདུག འདི་ནི་ཤིན་ཅང་མི་མང་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལས་འགུལ་འགོག་ཐབས་ཆེད་དུ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དྲག་གནོན་བྱས་པའི་རྐྱེན་གྱིས་ཁུལ་དེར་དྲག་སྤྱོད་ཀྱི་ལས་འགུལ་ཡོང་བཞིན་ཡིན་ལུགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ཁག་གིས་བརྗོད་འདུག སློབ་ཕྲུག་བདུན་པོ་དེར་ཤིན་ཅང་གི་རྒྱལ་ས་Urumqi ནང་གསང་བའི་ཐོག་ནས་ཁྲིམས་བཤེར་ཐེངས་གཉིས་བྱས་ཡོད་ལུགས་ Ilham Tohit ལགས་ཀྱི་ཁྲིམས་རྩོད་པ་Li Fangping ལགས་ཀྱིས་གསུངས་འདུག་ལ་དེ་དག་ལས་སློབ་ཕྲུག་དྲུག་ཡུ་གུར་མི་རིགས་ཡིན་པ་དང་། སློབ་ཕྲུག་གཅིག་རྒྱ་ནག་གི་Yi ཟེར་བའི་གྲངས་ཉུང་མི་རིགས་ཡིན་འདུག ཁོང་ཚོར་ Ilham Tohit ལགས་ཀྱིས་འགོ་འཛུགས་གནང་བའི་སྐད་ཡིག་གཉིས་ལྡན་གྱི་དྲ་རྒྱ་ཉར་ཚགས་བྱ་རྒྱུར་མཐུན་འགྱུར་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་དྲ་རྒྱ་དེ་བཞིན་འཁྲུག་རྩོད་བཟོ་གཞི་དང་། ཁ་བྲལ་གྱི་ལས་འགུལ་དར་ཁྱབ་གཏོང་སའི་སྡིངས་ཆ་ལྟ་བུ་ཡིན་པ་དང་། དེ་བཞིན་དྲ་རྒྱ་དེས་གྲངས་ཉུང་མི་རིགས་ཀྱི་ཚོར་རྒྱ་ནག་གཞུང་ལ་མི་དགའ་བའི་སྐུལ་སློང་བྱེད་པ་དང་། ཤིན་ཅང་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་ལུགས་The Global Times ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག འོན་ཀྱང་ཕ་རན་སི་གསར་འགྱུར་ལས་ཁང་གིས་དྲ་རྒྱ་དེའི་ཡིག་ཆ་རྙིང་པ་རྣམས་ལ་ཞིབ་འཇུག་བྱས་པར་རང་བཙན་སྐོར་གྱི་རྩོམ་བྲིས་དེ་འདྲ་རྩ་བ་ནས་མེད་པ་ཤེས་རྟོགས་བྱུང་འདུག རྒྱ་ནག་གཞུང་གིས་སློབ་དཔོན་གྲགས་ཅན་Ilham Tohit ལགས་འཛིན་བཟུང་བྱས་པའི་རྗེས་དྲ་རྒྱ་དེའི་ཐོག་རྩོམ་ཡིག་བྲིས་བ་རྣམས་ནག་བསུབས་བཏང་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎