དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་ཡོང་མི་ཆོག་པ་བཟོས་འདུག

2021-09-15
Share
དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་ཡོང་མི་ཆོག་པ་བཟོས་འདུག དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཀྲིན་ཙི་ཀོང་(Zheng Zeguang)
AP/File

རྒྱ་ནག་གཞུང་གིས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཉེས་ཆད་བཀེལ་ཡོད་པར་བརྟེན་དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་ཡོང་མི་ཆོག་པ་བཟོས་འདུག
རྒྱ་ནག་གཞུང་གིས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཉེས་ཆད་བཀེལ་ཡོད་པའི་རྒྱུ་མཚན་གྱིས། འདི་ཚེས་༡༤་གཟའ་ལྷ་པའི་ཉིན་དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཀྲིན་ཙི་ཀོང་(Zheng Zeguang)་དབྱིན་ཇིའི་གྲོས་ཚོགས་ནང་ཡོང་མི་ཆོག་པ་བརྗོད་ནས་འཐུས་མི་མང་པོས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པའི་རྗེས་སུ། དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་གཙོས་དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་པ་དབྱིན་ཇིའི་གྲོས་ཚོགས་སུ་ཡོང་ན་མི་འགྲིག་པའི་ཐག་གཅོད་བྱས་ཡོད་འདུག
སྤྱིར་སྟངས་ཉིན་དེར་དབྱིན་སྡོད་རྒྱ་ནག་གི་གཞུང་ཚབ་པ་རྒྱ་ནག་ལ་ཕྱོགས་པའི་གྲོས་ཚོགས་ཀྱི་ཚོགས་པ་(the ALL-Party Parliamnentary Group)ཞེས་བས་གོ་སྒྲིག་བྱས་པའི་ཚོགས་འདུ་ཞིག་ལ་མགྲོན་འབོད་ལྟར་བཅར་གཏན་འཁེལ་ཡོད་འདུག་ན་ཡང་། བདུན་ཕྲག་གོང་མར་གྲོས་ཚོགས་འཐུས་མི་འགས་ཚོགས་གཙོ་ལ་ཞུ་ཡིག་ཕུལ་ནས་གནས་ཚུལ་དེར་ངོ་རྒོལ་བྱས་ཡོད་འདུག
ད་ཐེངས་ཀྱི་གནད་དོན་དེའི་རྐྱེན་པས་དབྱིན་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་བར་དོ་ཕོག་ཐེབས་རྒྱུ་ཡིན་པ་རྒྱ་ནག་གཞུང་ཚབ་པས་བརྗོད་འདུག
ཉེ་སྔོན་ཕྱི་ཟླ་༣་པའི་ནང་རྒྱ་ནག་གཞུང་གིས་དབྱིན་ཇི་གྲོས་ཚོགས་འཐུས་མི་ལྔ་རྒྱ་ནག་ཡོང་རྒྱུ་ཐེ་བའི་ཁོང་ཚོའི་རྒྱུ་དངོས་བཀག་སྡོམ་བཅས་ཀྱི་ཉེས་ཆད་བཀེལ་ཡོད་པ་རེད།

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།