རྒྱལ་ཚོཊ་ཀྱིས་ཤར་ཏུར་ཀི་སི་ཐན་ནང་བཀག་འགོག་མེད་པར་གཏོང་དགོས་བའི་འབོད་སྐུལ།

2020-02-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་(Michelle Bachelet)་མཆོག་གིས་གཏམ་བཤད་སྐབས། ༢༠༢༠།༢།༢༤
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་(Michelle Bachelet)་མཆོག་གིས་གཏམ་བཤད་སྐབས། ༢༠༢༠།༢།༢༤
AFP

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་ཁོང་ཚོ་ཤར་ཏུར་ཀི་སི་ཐན་ནང་བཀག་འགོག་མེད་པར་གཏོང་དགོས་བའི་འབོད་སྐུལ་གནང་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་(Michelle Bachelet)་ཡིས་ཕྱི་ཟླ་གཉིས་པའི་ཚེས་༢༧་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཐོག ཁོང་ཉིད་རིང་མིན་རྒྱ་ནག་ནང་ཕེབས་རྒྱུའི་ཆེད་ལས་དོན་ཚོགས་ཆུང་ཞིག་སྔོན་ལ་རྒྱ་ནག་ནང་བཀག་འགོག་གང་ཡང་མེད་པའི་ཐོག་ཤར་ཏུར་ཀི་སི་ཐན་གནང་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེའི་ནང་ཤར་ཏུར་ཀི་སི་ཐན་ཡུ་གུར་མི་རིགས་ཀྱི་གནས་སྟངས་སྐོར་བརྟག་དཔྱད་བྱ་རྒྱུའི་ལས་དོན་སྤེལ་རྒྱུའི་སྐོར་བཏོན་ཡོད་པ་རེད། རོས་ཀྲར་གསར་འགྱུར་ལས་ཁང་གིས་ཕྱི་ཚེས་༢༦་ཉིན་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་གྲན་ཤུན་གྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ད་ལོ་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དེའི་ནང་རྒྱ་ནག་གཞུང་གིས་འབོད་པའི་ཤིན་ཅིང་ས་གནས་ཚུད་ཀྱི་ཡོད་པ་བརྗོད་ཡོད་འདུག ན་ནིང་ཕྱི་ཟླ་དྲུག་པའི་ནང་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཐོག རྒྱ་ནག་གི་རྒྱལ་ཚོགས་སྐུ་ཚབ་གྲན་ཤུན་གྱིས་ལྕམ་(Michelle Bachelet)་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་མགྲོན་བརྡ་ཕུལ་ཡོད་ཀྱང་། ཕྱོགས་གཉིས་བར་གནད་དོན་བྱེ་བྲག་གི་ཐོག་གྲོས་ཐུན་མ་བྱུང་བར་ད་བར་ཕེབས་ཐུབ་མེད་པ་རེད།  རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་(Bachelet)་མཆོག་གིས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དཔོན་རིགས་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ས་གནས་ནང་ཡུ་གུར་མི་རིགས་ཚོའི་གནད་དོན་ཐད་རྟོགས་ཞིབ་གནང་རྒྱུར་ཁུལ་དེའི་ནང་བསྐྱོད་ཐུབ་རྒྱུའི་ལས་དོན་སྐུལ་སྤེལ་གནང་གི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།