རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་དོ་སྣང་བྱེད་དགོས།

2018-02-28
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས། ༢༠༡༨།༢
རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས། ༢༠༡༨།༢
UNHRC

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་ཚོགས་པ་མང་པོས་མཉམ་འབྲེལ་གྱིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་མིར་འཕྲིན་ཡིག་ཕུལ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་དེང་སྐབས་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འཆར་ཅན་ཚོགས་འདུ་ཐེངས་༣༧དེ་འཚོགས་འགོ་ཚུགས་ཡོད་པའི་སྐབས་འདིར། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ། འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅུ་གྲངས་ཤིག་གིས་མཉམ་འབྲེལ་གྱི་འཕྲིན་ཡིག་ཕུལ་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མི་སྣར་གནོད་འཚེ་ཕོག་པའི་གྱོད་དོན་ཏེ། རྒྱ་ནག་གི་བཙོན་དུ་གྲོངས་པའི་ནོ་བེལ་གཟེངས་རྟགས་ཐོབ་མཁན་ལིག་ཞོ་པོ་ཡི་བཟའ་ཟླ་ལིའུ་ཤའ་བཟང་བཙོན་དུ་བཅུག་པ། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱས་ནས་ལོ་གཉིས་འགྲོ་གི་ཡོད་པ་སོགས་གྱོད་དོན་ལྔ་དམིགས་སུ་བཀར་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་འགྲེལབརྗོད་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་དང་སྐྱོ་རུ་འགྲོ་བཞིན་པ་དེར་གདོང་ཐུག་ནས་སྐྱོན་བརྗོད་བྱས་བ་ཡིན་ན། ད་ལྟ་རྒྱ་ནག་ཏུ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་མི་སྣ་དེ་དག་གི་གནས་སྟངས་ལེགས་བཅོས་ཡོང་བར་རེ་བ་ཡོད་པ་བརྗོད་ཡོད་ལ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ངེས་པར་རྒྱ་ནག་གི་བཙོན་དུ་ཡོད་པའམ་བཀག་ཉར་བྱས་པའི་མི་སྣ་དེ་དག་གི་གནས་སྟངས་ལ་གཙིགས་ཆེན་གནང་དགོས་པའི་ཛ་དྲག་འབོད་སྐུལ་བྱས་ཡོད་པ་རེད།
དེ་བཞིན་ཡང་འཕྲིན་ཡིག་དེའི་ནང་བརྗོད་དོན། གོང་བརྗོད་དམིགས་ཀར་གྱོད་དོན་དེ་ལྔ་བོ་ནི་རྒྱ་ནག་ནང་གི་གྱོད་དོན་བརྒྱ་ཕྲག་མང་པོ་ཡོད་པའི་ཁྲོད་ཀྱི་དཔེ་མཚོན་ཙམ་ཡིན་ཞིང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་དབང་བཟུང་བ་ནས་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མི་སྣའི་ཐོག་ཡ་ང་བའི་དྲག་གནོན་རྡུང་རྡེག་བཏང་དང་གཏོང་བཞིན་པ་དེ་ཇེ་མང་ལས་ཇེ་ཉུང་དུ་ཕྱིན་མེད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་ངེས་པར་དུ་ཐབས་ཤེས་བཏོན་ནས། རྒྱ་ནག་ནི་འཛམ་གླིང་ལ་སྣེ་ཁྲིད་མཁན་ཞིག་བྱེད་འདོད་ཡོད་ན། སྨྲ་བརྗོད་རང་དབང་དང་དྲང་བདེན་ཐོག་ཁྲིམས་བཤེར་ལ་ཁག་ཐེག་བྱེད་པའི་གཞི་རྩའི་ཐོབ་ཐང་བརྩི་བཀུར་དང་ངོས་ལེན་བྱེད་དགོས་པ་ཤེས་རུ་འཇུག་པ་གསལ་འདོན་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་བྱས་འདུག

གསར་འགོད་པ་ལྕགས་མོ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།